གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི“སྒེའུ་ཁུང་གི་ལྕགས་དྲ་བཤིག་པའི”བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
འདི་ནི་མེ་གསོད་རུ་མིས་སློབ་གྲྭའི་སྒེའུ་ཁུང་གི་ལྕགས་དྲ་བཤིག་བཞིན་པ།
འདི་ནི་སློབ་གྲྭའི་ལས་དོན་པས་རང་འགུལ་ངང་སྒེའུ་ཁུང་གི་ལྕགས་དྲ་བཤིག་བཞིན་པ།
ཉིན་ཤས་བསྟུད་མར། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་ཆུས་སློབ་གསོ་ཅུས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་དེ། “སྒེའུ་ཁུང་གི་ལྕགས་དྲ་བཤིག་པའི”བྱ་སྤྱོད་སྤེལ་བར་ཕན་འབྲས་ཡག་པོ་ཐོན་ཡོད་ཅིང་། མིག་སྔའི་བར་སློབ་གྲྭ་6གི་སྒེའུ་ཁུང་ཁག་812ཀྱི་རྐུ་འགོག་ལྕགས་དྲ་སྨི་ངོས་གྲུ་3850བཤིག་པ་རེད།
“སྒེའུ་ཁུང་གི་ལྕགས་དྲ་བཤིག་པའི”བྱ་སྤྱོད་ལ་སྐུལ་འདེད་གཏོང་ཆེད། རུ་ཆེན་གྱིས་འཕྲལ་མར་བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་ལ་ཆེད་དོན་སྙན་སེང་ཞུས་ཤིང་། བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་སྣེ་ཁྲིད་པ་དང་། སློབ་གསོ་སྡེ་ཚན་གྱིས་འགན་འཁུར་བ། མེ་ཟོན་སྡེ་ཚན་གྱིས་གཞོགས་འདེགས། ལས་རིགས་དང་སྡེ་ཚན་གཞན་དག་གིས་ཧུར་ཐག་ཞུགས་པ་བཅས་ཀྱི་བྱ་སྤྱོད་ཇུས་གཞི་བཏོན་ཞིང་། “སྒེའུ་ཁུང་གི་ལྕགས་དྲ་བཤིག་པ”དང་མེ་ཟོན་བདེ་འཇགས་ཀྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”དང་ཟུང་འབྲེལ་དམ་ཟབ་ཀྱིས་སྒེའུ་ཁུང་གི་ལྕགས་དྲ་བཤིག་པ་དང་ཆབས་ཅིག དགེ་སློབ་རྣམས་སྒྲིག་འཛུགས་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཟོན་སློབ་གསོ་དང་ཁ་འགྲེམ་ནང་སྦྱོང་བྱས་ཏེ་སློབ་གྲྭའི་མེ་ཟོན་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་བཏང་བ་རེད།