མེ་འཁོར་ལ་བསྡད་ནས་བོད་ལ་ཡུལ་སྐོར་དུ་སྐྱོད་པ།
ཟླ་4ཚེས་14ཉིན་གྱི་ཆུ་ཚོད་23དང་སྐར་མ་40ལ། “མཁའ་ལམ་གྱི་སྐལ་བཟང་མེ་ཏོག·དགའ་དགའ་སྤྲོ་སྤྲོའི་ངང་ནས་ཉིང་ཁྲིར་འཛོམས”རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་གཏོང་ཐེངས་Y973ཟི་ལིང་བབས་ཚུགས་ནས་དལ་གྱིས་ཐོན་ཞིང་། ཡུལ་སྐོར་བ་700ལྷག་ཙམ་གྱིས་དུས་ཡུན་ཉིན་11གི་བོད་ལ་ཡུལ་སྐོར་བྱེད་འགོ་ཚུགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། “མཁའ་ལམ་གྱི་སྐལ་བཟང་མེ་ཏོག·དགའ་དགའ་སྤྲོ་སྤྲོའི་ངང་ནས་ཉིང་ཁྲིར་འཛོམས”རྟགས་ཅན་གྱི་ཡུལ་སྐོར་མེ་འཁོར་སྐྱོད་ལམ་གྱི་ཁོངས་སུ་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། གནམ་མཚོ་སོགས་བོད་ཀྱི་གྲགས་ཅན་མཛེས་ལྗོངས་ཁུལ་ཚུད་ཡོད། ཡུལ་སྐོར་བྱེད་རིང་ཡུལ་སྐོར་བ་ཚོས་བོད་ཀྱི་བརྗིད་ཆགས་ལྟ་ན་སྡུག་པའི་རི་ཀླུང་ལ་ལྟ་སྐོར་དང་ཐུན་མོང་མ་ཡིན་པའི་རིག་གནས་གོམས་འདྲིས་མྱོང་རོལ་བྱ་རྒྱུ་རེད། རྒྱ་ཆེའི་ཡུལ་སྐོར་བ་ཚོ་བློ་བདེ་བག་ཕེབས་ཡོང་ཆེད། ཡུལ་སྐོར་མེ་འཁོར་དེའི་ནང་མཁའ་རླུང་སྙོམས་སྒྲིག་ཉལ་ཁྲི་དང་གསོ་རླུང་མཁོ་འདོན་གྱི་འཁོར་སྒྲོམ་བཀོད་སྒྲིག་བྱས་པ་དང་། འཁོར་སྒྲོམ་ནང་ལས་དོན་མི་སྣའི་ཞབས་ཞུའི་ས་ཚིགས་དང་། རོལ་རྩེད། བཟའ་བཏུང་སོགས་དམངས་ཕན་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཆེད་ལས་ཡུལ་སྐོར་སྣེ་ཤན་པ་དང་ཞབས་ཞུ་བའང་བཀོད་སྒྲིག་བྱས་པ་དག་གིས་ཡུལ་སྐོར་བར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་ཡི་ཡོད། འདི་ནི་ཡུལ་སྐོར་བས་མེ་འཁོར་ནང་མཉམ་པར་རྒྱག་བཞིན་པ།