དབུ་ཤོག>པར་མཛོད།
  • དང་བླངས་པ་ཆུང་ཆུང་གི་བྱ་སྤྱོད་ལས་དྲང་ནུས་ཆེན་པོ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-17

    འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དང་བླངས་པ་ཆུང་ཆུང་ཚོས་སྤྲིན་ཟམ་གྱི་རྡོ་བཀྱག་འགྲམ་དུ་གཙང་སྦྲ་བྱེད་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་དང་བླངས་པ་ཆུང་ཆུང་ཚོས་སྤྲིན་ཟམ་གྱི་རྡོ་བཀྱག་འགྲམ་དུ་གཙང་སྦྲ་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“དང་བླངས་པ་ཆུང་ཆུང་གིས་ཁྲོམ་གཞུང་ལ་གཙང་སྦྲ་བྱེད་པའི”བྱེད་སྒོ་སྤེལ་བ་རེད། དང་བླངས་པ་ཆུང་ཆུང་ཚོས་ཕྱགས་མ་དང་ཕྱིས་རས་སོགས་ཁྱེར་ཏེ་དགེ་རྒན་གྱི་སྣེ་ཁྲིད་འོག་ཅང་སུའུ་ལམ་དང་། གཡུ་ཐོག་ལམ། སྤྲིན་ཟམ་བཅས་སུ་བསྐྱོད་པ་རེད།

    དམིགས་སར་འབྱོར་རྗེས། ཕྲུ་གུ་ཚོས་སྤྲོ་སེམས་དང་ཧུར་སེམས་ཆེན་པོས་ཕྱོགས་གང་སར་གཙང་སྦྲ་ནན་ཏན་བྱས་པར། འགྲོ་འོང་བྱེད་མཁན་རྣམས་ལ་སེམས་འགུལ་ཚད་མེད་ཐེབས་ནས་ཕྲུ་གུ་ཚོར་བསྔགས་བརྗོད་བྱས་པ་མ་ཟད། ད་དུང་ཁག་གཅིག་གིས་ཁ་པར་བཏོན་ནས་ཕྲུ་གུ་ཚོ་གཙང་སྦྲ་བྱེད་པའི་རྣམ་པར་པར་རྒྱག་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།