ཀྲུང་གོ་འདི་ཉིད་འཛམ་གླིང་ས་གཤིས་སྤྱི་གླིང་མང་ཤོས་ཀྱི་རྒྱལ་ཁབ་ལ་གྱུར་པ།
འདི་ནི་2023ལོའི་ཟླ་2ཚེས་8ཉིན་པར་བརྒྱབ་པའི་ཁྲང་པའེ་ཧྲན་རི་བོ་ཡིན་པ། (མི་མེད་གནམ་གྲུས་པར་བླངས)
འདི་ནི་ཧྥུའུ་ཅན་ལུང་ཡན་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ། (དཔྱད་གཞིའི་པར་རིས)
འདི་ནི་2024ལོའི་ཟླ་3ཚེས་24ཉིན་པར་བླངས་པའི་ཀན་སུའུ་ལིན་ཞ་འཛམ་གླིང་ས་གཤིས་སྤྱི་གླིང་ཡིན་པ། (མི་མེད་གནམ་གྲུས་པར་བླངས)
འདི་ནི་ཅང་ཤིས་ཝུའུ་ཀུང་ཧྲན་རི་བོའི་མཛེས་ལྗོངས་ཡིན་པ། (2024ལོའི་ཟླ་1ཚེས་23ཉིན་པར་བླངས)
འདི་ནི་ཀུའེ་ཀྲོའུ་ཤིང་དབྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཛེས་ལྗོངས་ཡིན་པ། (2024ལོའི་ཟླ་3ཚེས་20ཉིན་མི་མེད་གནམ་གྲུས་པར་བླངས)
འདི་ནི་2024ལོའི་ཟླ་4ཚེས་2ཉིན་པར་བརྒྱབ་པའི་ཧུའུ་པེ་ལི་ཁྲོན་གྲོང་ཁྱེར་གྱི་ཐེང་ལུང་བྲག་ཕུག་གི་མཛེས་ལྗོངས་ཡིན་པ། (མི་མེད་གནམ་གྲུས་པར་བླངས)
འདི་ནི་2024ལོའི་ཟླ་3ཚེས་29ཉིན་པར་བརྒྱབ་པའི་ཧུའུ་པེ་ཨེན་ཧྲི་གྲོག་རོང་ཆེན་པོའི་ཤར་ངོས་གཡང་གཟར་ཁྱམས་རིང་ཡིན་པ། (མི་མེད་གནམ་གྲུས་པར་བླངས)
◆ ཁྲང་པའེ་ཧྲན་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་།
◆ ལུང་ཡན་འཛམ་གླིང་ས་གཤིས་སྤྱི་གླིང་།
◆ ཨེན་ཧྲི་གྲོག་རོང་ཆེན་པོ་—ཐེང་ལུང་བྲག་ཕུག་འཛམ་གླིང་ས་གཤིས་སྤྱི་གླིང་།
◆ ལིན་ཞ་འཛམ་གླིང་ས་གཤིས་སྤྱི་གླིང་།
◆ ཝུའུ་ཀུང་ཧྲན་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་།
◆ ཤིང་དབྱི་འཛམ་གླིང་ས་གཤིས་སྤྱི་གླིང་།
ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་གི་མིང་གཞུང་ཁག་གསར་པ་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་སྤྱི་གླིང་6མང་དུ་ཕྱིན་པ་དང་འཛམ་གླིང་ས་གཤིས་སྤྱི་གླིང་བསྡོམས་འབོར་47ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། “འཛམ་གླིང་ས་གཤིས་སྤྱི་གླིང་གི་སྐོར་གླེང་སྐབས། ཀྲུང་གོ་ནི་ཨང་དང་པོ་ཡིན་པ་སྨོས་མེད་རེད” ཅེས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་སའི་གོ་ལའི་ཚན་རིག་དང་ས་གཤིས་སྤྱི་གླིང་སྡེ་ཚན་གྱི་འགན་འཁུར་བ་ཁེ་ལི་སི་ཐུའོ་ཧྥུའུ·ཧྥན་ཏེང་པེ་ཀེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད།
རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ཀྱང་ལྷག ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག ཀྲུང་གོས་ས་གཤིས་སྤྱི་གླིང་འཛུགས་སྐྲུན་བྱེད་རིང་སྲུང་སྐྱོང་དང་གསར་སྤེལ་ཟུང་འབྲེལ་དམ་ཟབ་བྱས་ནས་ངོ་མཚར་ཆེ་བའི་ས་གཤིས་ཤུལ་བཞག་ལ་རྣམ་པ་གསར་པ་མངོན་པར་བྱས་ཏེ་ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་གྱི་ལག་ལེན་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱ་འཛུགས་སྐྲུན་དང་ཧ་ཅང་འཚམ་པས། རང་བྱུང་ཁམས་ཀྱིས་མིའི་རིགས་ལ་སྤྲད་པའི་རྩ་ཆེའི་རྒྱུ་ནོར་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ཀྲུང་གོའི་བྱང་ཤར་དུ་གནས་པའི་ཁྲང་པའེ་ཧྲན་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་ལ་ཐུན་མོང་མ་ཡིན་པའི་སྔོ་ཁེབས་དང་ཕུན་སུམ་ཚོགས་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཡོད་པ་དེ་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་གནས་མཆོག་གྲགས་ཅན་ཞིག་རེད། “ཁྲང་པའེ་ཧྲན་རི་བོའི་མེ་རི་དང་དམིགས་བསལ་གྱི་ས་དབྱིབས་ལས་ལོ་ངོ་དུང་ཕྱུར་3ནས་4བར་གྱི་ས་གཤིས་ལོ་རྒྱུས་གསལ་བཤད་བྱས་ཡོད”ཅེས་ཧྥན་ཏེང་པེ་ཀེ་ཡིས་བརྗོད།
ཀྲུང་གོའི་ཧྥུའུ་ཅན་དུ་གནས་པའི་ལུང་ཡན་འཛམ་གླིང་ས་གཤིས་སྤྱི་གླིང་ཡང་འཛམ་གླིང་ས་གཤིས་སྤྱི་གླིང་གི་མིང་གཞུང་ནང་ཚུད་ཡོད། དེ་ནི་མིན་ཅང་གཙང་པོ་དང་། ཅིའུ་ལུང་ཅང་གཙང་པོ། ཐིང་ཅང་གཙང་པོ་བཅས་ཀྱི་གཙང་པོ་གསུམ་གྱི་ཆུ་འགོར་གནས་ཡོད། དེར་མེ་ཧྭ་རི་བོའི་སྣ་མང་འཛེང་རྡོའི་བྲག་གཟུགས་དང་། ཀོན་ཀྲའེ་ཧྲན་ཏན་ཞའི་ས་དབྱིབས། ཙི་ཅིན་ཧྲན་རི་བོའི་གསེར་ཟངས་གཏེར་ཆེན་སོགས་འཛམ་གླིང་རིམ་པའི་ས་གཤིས་གནའ་ཤུལ་གྱི་མཛེས་ལྗོངས་ཡོད་པ་རེད།
ནུབ་ཕྱོགས་ཀྱི་ཀྲུང་གོའི་སྐམ་སའི་དབུས་ཁུལ་དུ་སྐྱོད་སྐབས་ཨེན་ཧྲི་གྲོག་རོང་ཆེན་པོ་-ཐེང་ལུང་བྲག་ཕུག་འཛམ་གླིང་ས་གཤིས་སྤྱི་གླིང་ནི་ཧུའུ་པེ་ཞིང་ཆེན་ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་རུ་གནས་ཤིང་། སྤྱི་གླིང་དུ་ནགས་ཚལ་སྟུག་ཅིང་། རྩི་ཤིང་སྣ་ཁ་4000ལྷག་ཙམ་ཡོད་པ་དང་སྐམ་སའི་སྒལ་ཚིགས་སྲོག་ཆགས་རིག་500ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད།
ས་སེར་མཐོ་སྒང་གི་སྐམ་ཁུལ་དང་མཚོ་བོད་ས་མཐོའི་མཐོ་གྲང་བརླན་ཁུལ་བརྒལ་བའི་ཀན་སུའུ་ལིན་ཞ་འཛམ་གླིང་ས་གཤིས་སྤྱི་གླིང་དང་། ཀྲུའུ་ལུའོ་དུས་རབས་ཀྱི་འཛེང་རྡོ་ཡོད་པའི་ཅང་ཤིས་ཝུའུ་ཀུང་ཧྲན་རི་བོའི་འཛམ་གླིང་ས་གཤིས་སྤྱི་གླིང་། དེ་བཞིན“ཤིང་དབྱི་སྲོག་ཆགས་ཁྱུ་ཚོགས”ཀྱི་འགྱུར་རྡོ་ཉར་ཚགས་ཡག་པོ་བྱས་པའི་ཀུའེ་ཀྲོའུ་ཤིང་དབྱི་འཛམ་གླིང་ས་གཤིས་སྤྱི་གླིང་བཅས་ཀྱང་འཛམ་གླིང་ས་གཤིས་སྤྱི་གླིང་གི་མིང་གཞུང་ཁག་གསར་པའི་ནང་ཚུད་པ་རེད།
ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་ས་གཤིས་སྤྱི་གླིང་གི་མིང་གཞུང་ནང་ཚུད་པའི་སྤྱི་གླིང་གསར་པ་18ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། ད་བར་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ཁོངས་མིའི་བསྡོམས་འབོར་213ཟིན་ནས་རྒྱལ་ཁབ་48ལ་ཁྱབ་ཅིང་། དེའི་ནང་ཀྲུང་གོར་47ཡོད་པ་དང་གྲངས་འབོར་ནི་གོ་ལ་ཧྲིལ་པོའི་ཨང་དང་པོ་ཡིན་པ་རེད།