ཐེ་ལན་གྱིས་ཆུ་རྩེད་དུས་ཆེན་དགའ་གཏོང་བྱེད་པ།
འདི་ནི་ཐེ་ལན་པང་ཁོག་གི་ཁའོ་ཧྲན་ལམ་དུ་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ལས་དོན་པས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བ་དང་མཉམ་དུ་ཆུ་རྩེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ།
འདི་ནི་མི་རྣམས་ཀྱིས་ཁའོ་ཧྲན་ལམ་དུ་ཆུ་རྩེད་ལ་རོལ་བཞིན་པ།
འདི་ནི་ཏ་ཁྲེང་ཧྥུའུ་ཡི་ཨ་ཡུས་ཐོ་ཡེ་ལོ་རྒྱུས་སྤྱི་གླིང་དུ་མི་རྣམས་ཀྱིས་གླང་ཆེན་དང་མཉམ་དུ་ཆུ་རྩེད་ལ་རོལ་ནས་སུང་ཀན་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་པ། གོང་གསལ་གྱི་པར་དེ་དག་ནི་འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ལྟེ་བའི་ཡན་ལག་ཁང་གི་ཕུའུ་ལ་ཝེས་བརྒྱབ་པ།
ཟླ་4ཚེས་13ནས་15ཉིན་བར་ནི་ཐེ་ལན་གྱི་སྲོལ་རྒྱུན་ལོ་གསར་སུང་ཀན་དུས་ཆེན་ཡིན་པ་དང་དེར་ཆུ་རྩེད་དུས་ཆེན་ཡང་བརྗོད་ཀྱི་ཡོད། མི་རྣམས་ཕན་ཚུན་ཆུ་གཏོར་རེས་བྱས་ནས་ལོ་གསར་བསུ་བ་དང་ལོ་གསར་པར་རྣམ་པ་གསར་རྐྱང་དུ་འགྱུར་བའི་སྨོན་འདུན་མཚོན་པར་བྱེད་ཀྱི་ཡོད། ཆུ་རྩེད་དུས་ཆེན་ནི་ཐེ་ལན་བ་ཕ་ཡུལ་དུ་ལོག་ནས་ནང་མི་དང་མཉམ་འཛོམས་དང་སྨོན་ལམ་འདེབས་པའི་ཉིན་མོ་གལ་ཆེན་ཞིག་ཀྱང་རེད། ད་ལོའི་ཆུ་རྩེད་དུས་ཆེན་རིང་ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་ཆུ་རྩེད་དུས་ཆེན་གྱི་དམིགས་བསལ་རྟེན་འབྲེལ་བྱེད་སྒོ་ཁག་20ལྷག་ཙམ་སྤེལ་བ་རེད།