ཁམ་བུའི་མེ་ཏོག་མཛེས། སྒེག་མའི་བཞིན་མདངས་རྒྱས།
འདི་ནི་འཁྲབ་སྟོན་པས་ཁམ་བུའི་མེ་ཏོག་གི་སྡོང་པོའི་འགྲམ་དུ་ཞབས་བྲོ་འཁྲབ་བཞིན་པ།
ས་མཐོར་དཔྱིད་དཔལ་བཞད་པ་དང་བསྟུན་ནས། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཅིང་། ཟླ་4ཚེས་11ཉིན་གདོང་དཀར་ཤང་དུ་ཁམ་བུའི་མེ་ཏོག་ཤུལ་བཞག་གི་རིག་གནས་ཡུལ་སྐོར་བྱེད་སྒོ་སྐབས་གསུམ་པ་དང་ཁམ་བུའི་མེ་ཏོག་པར་ལེན་གྱི་འགྲན་བསྡུར་ཆེན་པོ་སྐབས་དང་པོའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།