རིགས་གཅིག་མཁས་ཅན་གྱིས་ཐོན་སྐྱེད་ལ་མཛུབ་ཁྲིད་བྱེད་པ།
དཔྱིད་རྨོད་དཔྱིད་གྲབས་དུས་སུ། རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ནང་མུ་ཁ་དང་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་ནས་མང་ཚོགས་ལ་འདེབས་འཛུགས་ལས་རིགས་དང་འབྲོག་ལས་སོགས་ཀྱི་ཤེས་བྱ་བསླབས་པ་དང་འབྲེལ། ལག་རྩལ་གྱི་མཛུབ་ཁྲིད་ཀྱང་བྱས་ནས་འབབ་འཕར་ཐོན་འཕར་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱས་པ་རེད།
འདི་ནི་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་རིགས་གཅིག་མཁས་ཅན་ལིའུ་ཡུས་ཧུང(དཀྱིལ)གིས་ལྷ་རྩེ་གྲོང་རྡལ་གྱི་སྔོ་ཚལ་འདེབས་འཛུགས་དུད་ཚང་ལ་ལག་རྩལ་སློབ་བཞིན་པ།