དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • སྣ་ཁ་མང་ཞིང་སྤུས་ཀ་ལེགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

     འདི་ནི་ཁྲོམ་ར་དེའི་ས་གནས་དེ་གའི་སྔོ་ཚལ་ཉོ་ཚོང་ཐིང་ཡིན་པ།

    ལྷ་ས་གྲོང་ཁྱེར་ཧེང་ཐུང་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་འདི་ཉིད་ཁྲེང་ཀོན་ཆུས་ཧེང་ཐུང་ཟོག་འགྲེམས་གླིང་དུ་གནས་ཤིང་། ཁྲོམ་ར་དེར་གཙོ་བོ་སྐམ་བསྲེས་ཁུལ་དང་། སྔོ་ཚལ་ཁུལ། ཤིང་འབྲས་ཁུལ། ཆུའི་ཐོན་རྫས་ཁུལ། ས་གནས་དེ་གའི་སྔོ་ཚལ་ཉོ་ཚོང་ཐིང་སོགས་སུ་དབྱེ་བ་མ་ཟད། ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་དང་དེ་བཞིན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཞིབ་དཔྱད་ཚད་ལེན་ལྟེ་གནས་ཀྱང་བཀོད་སྒྲིག་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོམ་ར་དེའི་ཞིང་ཞོར་ཐོན་རྫས་ཚང་མ་ཁྲོམ་རར་མ་བཏོན་གོང་ངེས་པར་དུ་ཞིབ་བཤེར་དང་། ཡོང་ཁུངས་བཤེར་ཐུབ་པ། འགྲོ་ཕྱོགས་བཤེར་ཐུབ་པ། བརྒྱུད་རིམ་ཚོད་འཛིན། འགན་འཁྲི་བདའ་འདེད་ཐུབ་པ་བཅས་བྱས་ནས་སྤུས་ཚད་ཀྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།