དབུ་ཤོག>པར་མཛོད།
  • དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་པད་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    འདི་ནི་ལོ་82ལ་སླེབས་པའི་བགྲེས་སོང་པད་མ་ཡིན་པ།

    འདི་ནི་བགྲེས་སོང་པད་མ(གཡོན་གྱི་བཞི་པ)དང་ནང་མིའི་མཉམ་པར་ཡིན་པ།

    པད་མ་ནི་1942ལོར་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཞིང་བྲན་ནང་གི་ཁྲལ་པ་ཞིག་རེད། ཁོང་གིས་ཕྱིར་དྲན་བྱས་པར། སྐབས་དེ་དུས་ང་ཚོའི་ཁྱིམ་གྱིས་སྐུ་དྲག་གི་ལུག་མགོ་གྲངས་1000ལྷག་འཚོ་དགོས་མོད། དེའི་ཐོབ་ཆས་ནང་མི་རྣམས་ལྟོ་གོས་འཕྱིད་ཐབས་བྲལ། འབྲུ་རིགས་རང་ཁ་གསོ་ཡང་ཐུབ་ཀྱི་མེད། ཁོ་པས་དྲན་གསལ་ལ་ཆུང་དུས་ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་མྱོང་མེད། དགུན་དུས་སུ་གོས་ཧྲུལ་རྐང་པར་དཀྲིས་ནས་ལྷམ་གྱི་ཚབ་བྱེད་དགོས།

    1959ལོའི་ཟླ་3པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་དང་། པད་མ་ཡང་གཞི་ནས་རང་ཉིད་འཚོ་བ་ཡག་པོ་ཞིག་སྐྱེལ་རྒྱུ་ཡོང་ཆེད་འབད་འཐབ་བྱེད་རྒྱུ་བྱུང་ཡོད། ལོ་རབས་70པའི་ནང་པད་མ་དང་རོགས་པ་ཚོས་བྱང་ཕྱོགས་སུ་རྩྭ་ཐང་འཚོལ་ཞིབ་བྱས་ཏེ། བྱང་རྩྭ་ཐང་གི་དཀར་མཚོ་མཚེའུ་ཡི་ངོགས་སུ་ཁྱིམ་གཞིས་གསར་པ་སྟེ། མཚོ་གཉིས་དམིགས་བསལ་ཁུལ་གྱི་དཀར་མཚོ་མི་དམངས་ཀུང་ཧྲེར(ད་ཆའི་མཚོ་གཉིས་རྫོང་དཀར་མཚོ་ཤང)བསྐྲུན་པ་རེད། 1989ལོར་པད་མར་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི་མཚན་སྙན་ཐོབ།

    ད་ཆ་མཚོ་གཉིས་རྫོང་གིས་ས་བབ་མཐོ་བའི་འབྲོག་པ་སྐྱེ་ཁམས་གནས་སྤོའི་འདུ་འགོད་ལག་ལེན་བསྟར་བ་དང་བསྟུན་ནས་བགྲེས་སོང་པད་མ་ལྷོ་ཁ་གྲོང་ཁྱེར་སྲིན་པོ་རི་སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་སོ་གཉིས་ལྡན་གྱི་ཁང་པ་གསར་པ་ཞིག་ནང་ཚེ་མཇུག་བདེ་ལ་རོལ་བཞིན་མཆིས། “ད་ལྟ་ངའི་ཚ་མོ་སྐལ་བཟང་གཡུ་སྒྲོན་ལ་ལོ་གཅིག་ནང་མཉམ་ལས་ཁང་ནས་ཁེ་སྤོགས་ལ་ལུག་20དང་། ཚགས་ཤ་ཁོག་ཕྱེད་ཀ། དངུལ་སྨར་ཁྲི་5བཅས་རག་གི་ཡོད། ང་ཚོས་རང་ཉིད་ཀྱི་འཚོ་བའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད། དེ་ནི་བདེ་སྐྱིད་ཆེ་ཤོས་རེད་སྙམ་གྱི་འདུག”ཅེས་པད་མས་མྱོང་ཚོར་ཟབ་མོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།