དབུ་ཤོག>པར་མཛོད།
  • པིར་རྩལ་ལས་འཁྲུངས་པའི་གངས་ལྗོངས་ས་མཐོའི་རྣམ་པ།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དྲིལ་བསྒྲགས་པུའུ་དང་བསམ་གྲུབ་རྩེ་ཆུས་གྲོང་གཏོད་གཞུང་དོན་ཁང་གིས་གྲོང་ཚོའི་སྡེ་ཁུལ་གྱི་རིག་གནས་གྱང་གཏོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    རི་མོས་བརྒྱན་པའི་རིག་གནས་གྱང་ཡིན་པ།

    ཕར་འགྲོ་ཚུར་འོང་བྱེད་མཁན་གྱིས་རིག་གནས་གྱང་ལ་ལྟ་བཞིན་པ།

    བརྗོད་བྱའི་ནང་དོན་མངོན་གསལ་དོད་པའི་རི་མོས་བརྒྱན་པའི་རིག་གནས་གྱང་གི་ཟུར་ཞིག་ཡིན་པ།

    བསམ་གྲུབ་རྩེ་ཆུས་དྲིལ་བསྒྲགས་པུའུ་དང་བསམ་གྲུབ་རྩེ་ཆུས་གྲོང་གཏོད་གཞུང་དོན་ཁང་གིས་ཤང་དང་གྲོང་ཚོའི་སྡེ་ཁུལ་གྱི་རིག་གནས་གྱང་གཏོད་པའི་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་བ་བརྒྱུད། སྲོལ་རྒྱུན་གྱི“ལྕི་བ་སྐམ་སའི་གྱང”ཡུལ་མི་ཚོའི“ཤེས་དཔལ་ཁྲིད་སྟོན་གྱང”དང“གྲོང་ཚོའི་བཀོད་པ་དང་རྣམ་པ་མངོན་པའི་གྱང”དུ་གྱུར་བ་མ་ཟད། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་ཏུ་གྱུར།

    རྣམ་གྲངས་དེ་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་དང་། ཉི་རི་གཞུང་ཤང་། ཆུ་མིག་ཤང་། སྣར་ཤང་བཅས་ཤང་4དང་གྲོང་ཚོ་7གྱི་ས་ཚིགས་23དུ་ལག་ལེན་བསྟར་ཞིང་། གྱང་སྟེང་དུ་རི་མོ་བྲི་བའི་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད། རིག་གནས་གྱང་གི་རི་མོའི་ནང་དོན་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་བརྗོད་དོན་གཙོ་བོ་ཚུད་པ་མ་ཟད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མི་ཆོས་རིག་གནས་ཀྱི་ཉམས་འགྱུར་མཚོན་པས་ཏང་གི་གཟི་འོད་གངས་ལྗོངས་ས་མཐོར་འཕྲོས་ནས་སྟོབས་འབྱོར་མངའ་ཐང་རྒྱས་པའི་རྣམ་པ་མངོན་ཡོད།

    “ང་ཚོས་ས་མཐོའི་སོ་ནམ་རིག་གནས་དང་། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། འགྲོ་ལམ་བདེ་འཇགས་ཀྱི་རྒྱུན་ཤེས་སོགས་ཀྱི་ནང་དོན་ཡོད་པའི་རི་གྱང་ངོས་སུ་བྲིས་པས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་མིའི་མིག་ལམ་དུ་མངོན་ནས་དྲིལ་བསྒྲགས་ཀྱི་ནུས་པ་ཐོན་པ་མ་ཟད། རི་མོ་ཡག་པོ་བྲིས་པ་དེའང་གྲོང་ཚོའི་མཛེས་ལྗོངས་ཤིག་ཏུ་གྱུར་ནས་ཡ་རབས་སྐྱོན་བྲལ་དང་ཧུར་བརྩོན་ཡར་རྒྱས་ཀྱི་གོམས་སྲོལ་ཞིག་ཀྱང་ཆགས་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཨུད་དྲིལ་བསྒྲགས་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།