དབུ་ཤོག>པར་མཛོད།
  • སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-05

    འདི་ནི་བོད་དམག་ཁུལ་ཁང་ལྷ་ས་བརྒྱད་གཅིག་སློབ་གྲྭའི་དགེ་སློབ་ཀྱིས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ལྟེ་བའི་སློབ་ཆུང་གི་སློབ་མས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་བཞིན་པ།

    འདི་ནི་གྲོ་མོའི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་གི་ཡི་གེ་གསལ་དུ་གཏོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་སྦྲ་ནག་སྡེ་ཁུལ་གྱི་གྲོང་མིའི་འཐུས་མིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་སོས་པ་འབུལ་བཞིན་པ།

    དྭངས་གསལ་དུས་ཚིགས་ཀྱི་སྐབས་སུ་རང་ལྗོངས་ཀྱི་ལས་རིགས་ཁག་གི་མི་སྣ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མས་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་སུ་བསྐྱོད་དེ་བྱ་ཐབས་མི་འདྲ་བའི་ཐོག་ནས་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།