སྙིགས་རོ་གཙང་སེལ་བྱས་ནས་ལྗང་མདོག་འཕེལ་རྒྱས་གཏོང་བ།
2022ལོའི་ཟླ་4པར་ལྷ་ས་གྲོང་ཁྱེར་གྱིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་གཏོད་བྱེད་འགོ་ཚུགས་པ་ནས་བཟུང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྙིགས་རོའི་དོ་དམ་ལ་སྤྱི་འདོམས་བྱས་ཏེ་ཚུགས་གནས་མཐོ་པོས་བཀོད་སྒྲིག་ལ་དམ་འཛིན་དང་། ནུས་ཤུགས་ཆེན་པོས་སྐུལ་འདེད་ལ་དམ་འཛིན། ཆུ་ཚད་མཐོ་པོས་འཁོར་རྒྱུག་ལ་དམ་འཛིན་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་སྙིགས་རོ་གཙང་སེལ་ནུས་པ་དང་གཙང་སེལ་མ་ལག་ཧྲིལ་པོའི་ཆུ་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་བ་རེད། འདི་ནི་ལྷ་ས་གྲོང་ཁྱེར་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་མིས་སྙིགས་རོ་གཙང་སེལ་བྱེད་བཞིན་པ།