འཛམ་གླིང་རིག་གནས་ཤུལ་བཞག་ཏ་ཙུའུ་རྡོ་བརྐོས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་མཁན་མང་བ།
དཔྱིད་ཀ་ཤར་ཚུན་འཛམ་གླིང་རིག་གནས་ཤུལ་བཞག་ཏ་ཙུའུ་རྡོ་བརྐོས་མཛེས་ལྗོངས་ཁུལ་ལ་ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་བཞིན་ཡོད་ཅིང་། ས་གནས་དེ་གའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ཟླ་གཉིས་པར་ཏ་ཙུའུ་རྡོ་བརྐོས་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི་17.4ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་170.11%འཕར་ཡོད་པ་རེད།
ཏ་ཙུའུ་རྡོ་བརྐོས་ནི་ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་ཀྱི་ས་ཁོངས་སུ་གནས་པ་དང་། དེ་ནི་ཐང་རྒྱལ་རབས་ཀྱི་དུས་འགོར་སྐྲུན་འགོ་ཚུགས་པ་དང་སྲུང་རྒྱལ་རབས་ལྷོ་མ་དང་བྱང་མའི་སྐབས་དར་རྒྱས་ཆེ་ཤོས་བྱུང་ཡོད། 1999ལོར་ཏ་ཙུའུ་རྡོ་བརྐོས་དེ་འཛམ་གླིང་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།
འདི་ནི་ཟླ་3ཚེས་27ཉིན་ཡུལ་སྐོར་བས་ཏ་ཙུའུ་རྡོ་བརྐོས་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།