དབུ་ཤོག>པར་མཛོད།
  • ལྟ་ན་སྡུག་པའི་གྲོང་གསེབ་སྟེ། བཀྲ་ཤིས་སྒང་གྲོང་ཚོ།

    རི་གསེབ་ལུང་གཞུང་དུ། གྲོང་ཚོ་ནགས་ཀྱིས་བསྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-31

    འདི་ནི་གྲོང་ཚོའི་བཀོད་པ་ཡིན་པ།

    འདི་ནི་སྐྱིད་པའི་གྲོང་མི་ཡིན་པ།

    འདི་ནི་ཁ་བས་གཡོགས་པའི་རི་གྲོང་ཡིན་པ།

    ས་བབ་མཐོ་ཚད་སྨི་3300ཟིན་པ་དང་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་70ལྷག་ཙམ་ཆོད་པའི་ཁྲོན་བོད་གཞུང་ལམ་གྱི་འགྲམ་དུ་སྡོང་ཕྲན་དང་། གསོམ་རིང་། ཐང་ཤིང་བཅས་ལས་ཀླུ་ནང་ནགས་ཚལ་གྲུབ་ཡོད་ལ། ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོ་ནི་དེ་གར་ཕྲ་རྒྱན་བཏགས་བཞིན་གནས་ཡོད། དེ་ནི་དཔེ་མཚོན་གྱི་ས་མཐོའི་ན་སྤང་གི་ས་ཆ་ཞིག་ཡིན། གནས་དེར་ཆུ་ཕྲན་གྱ་གྱུའི་ངང་བཞུར་བ་དང་། མེ་ཏོག་ཁྲ་ཆིལ་ལེར་བཞད་ལ། སྨུག་སྤྲིན་དར་དཀར་བཞིན་དུ་གངས་རིའི་མགུལ་དུ་འདུས་ནས་རྒྱུ་བཞིན་མཆིས།

    བཀྲ་ཤིས་སྒང་གྲོང་ཚོ་ནི་རི་བོའི་ཆགས་རིམ་ལྟར་བསྐྲུན་པ་དང་ཁང་ཁྱིམ་མང་པོ་གྲལ་སྟར་འགྲིག་པོའི་ངང་ཆགས་འདུག གནས་དེའི་ཉེ་འཁོར་དུ་རྩྭ་རྩི་ཏོག་སྐྱེས་པ་དང་ཆུ་ཕྲན་ཤང་ཤང་དུ་རྒྱུག་ཅིང་། གྲོང་ཚོའི་རྒྱབ་ལོགས་ཀྱི་ཀླུ་ནང་ནགས་ཚལ་ནི་ལྗོན་ཤིང་སྣ་ཚོགས་ཚང་ཚིང་དུ་འཁྲིགས་པ་དང་ཤིང་ནགས་ཁྲོད་དུ་དམར་སེར་གྱི་མེ་ཏོག་ཀྱང་མཐོང་རྒྱུ་ཡོད། བཀྲ་ཤིས་སྒང་གྲོང་ཚོ་ནི་གནམ་ལྕགས་འབར་བ་དང་། གསེར་སྐྱེམས་ལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཀླུ་ནང་ནགས་ཚལ་སོགས་མཛེས་ལྗོངས་ཁུལ་མང་པོ་དང་ཐག་ཉེ་ཞིང་། ཁོངས་གཏོགས་ཀྱི་རང་བྱུང་གྲོང་ཚོ་གཉིས་རི་གསེབ་ལུང་གཞུང་དུ་གནས་པ་དང་། དྭངས་ཤིང་གཙང་བའི་ཀླུ་ནང་ཆུ་བོ་གྲོང་ཚོའི་མདུན་ནས་བརྒྱུགས་ཏེ་ཤར་ནས་ཡར་ཀླུང་གཙང་པོར་འབབ་བཞིན་ཡོད། མིག་སྔར་དེ་གར་དུད་ཚང་67གྱི་ནང་ནས་དུད་ཚང་51གིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་ཅིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་ཁྱིམ་ནི་ཡིད་དུ་འོང་ལ་ཉམས་དགའ་བ་ཞིག་སྣང་། ས་མཐོའི་གྲོང་གསེབ་ཀྱི་ཡུལ་ལྗོངས་ལ་དུས་ཚིགས་དང་བསྟུན་ནས་ཡུལ་སྐོར་བ་མང་པོ་ལྟད་མོ་ལྟ་བར་ཡོང་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།