གླུ་ལེན་གར་འཁྲབ་ངང་ནས་འཚོ་བ་གསར་པར་བསྟོད།
ཟླ་3ཚེས་25ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ“ང་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་བྱེད་སྒོ་སྤེལ་ཞིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཟླ་3ཚེས་26ཉིན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱིས་ཁྲོམ་གཞུང་དང་སྡེ་ཁུལ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་དང་བྱ་གཞག་ཚན་པ་བཅས་སྒྲིག་འཛུགས་བྱས་ནས“ཞིང་བྲན་ཡར་ལངས་བྱུང་ནས་བདག་པོར་གྱུར། གུང་ཁྲན་ཏང་ལ་དཀར་གཙང་མཇལ་དར་འབུལ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་། འདི་ནི་ཁྲེང་ཀོན་ཆུས་བུ་བཅོལ་ཁང་བརྒྱད་པའི་གྲོགས་པོ་ཆུང་ཆུང་ཚོས་ཞབས་བྲོ《མཛེས་མ་རིག་འཛིན་དབང་མོ》ཞེས་པ་འཁྲབ་བཞིན་པ།
ཟླ་3ཚེས་26ཉིན་གྱི་ཕྱི་དྲོར། ནག་ཆུ་གྲོང་ཁྱེར་སོག་རྫོང་དཀར་སྨད་ཤང་གིས“གྲོང་གསེབ་རིག་གནས་གོང་དུ་འཕེལ། ཀྲུང་ཧྭའི་རིག་གནས་བརྟན་དུ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་རིང་། གྲོང་ཚོ་ཁག་གི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་ལེ་ཚན་ཕུན་སུམ་ཚོགས་པོ་གྲ་སྒྲིག་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།