དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • གཟི་བརྗིད་བྱ་དགའ་ཕ་ཡུལ་དུ་བསྐྱལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་དགའ་ལྡན་དགོན་དོ་དམ་ཨུ་ལྷན་བཅས་དང་མཉམ་དུ“བྱ་དགའ་སྐྱེལ་མཁན་གཏམ་བཟང་ཚོགས་པ”བཙུགས་ནས་བྱས་རྗེས་རིམ་པ་གཉིས་པ་འཇོག་མཁན་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དགའ་ལྡན་དགོན་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་དཔོན་དམག་བློ་བཟང་ཆོས་ལྡན་ལ“བྱ་དགའ་ཁྱིམ་དུ་སྐྱེལ་བའི”བྱེད་སྒོ་སྤེལ་བ་རེད། འདི་ནི་གནམ་ས་སྒུལ་བ་ལྟ་བུའི་རྔ་དང་འཁར་རྔའི་སྒྲ་དང་འཁྲུག་ཆ་དོད་པའི་བཀྲ་ཤིས་ཀྱི་རྣམ་པའི་ཁྲོད། “བྱ་དགའ་སྐྱེལ་མཁན་གཏམ་བཟང་ཚོགས་པ”ཡིས“བྱས་རྗེས་རིམ་པ་གཉིས་པ་འཇོག་མཁན་གྱི་ཁྱིམ་ཚང”ཞེས་འཁོད་པའི་སྒོ་བན་དང“བློ་མཐུན་བློ་བཟང་ཆོས་ལྡན་གྱིས་བྱས་རྗེས་རིམ་པ་གཉིས་པ་བཞག་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ”ཞེས་འཁོད་པའི་འཕྲེད་དར་ཁྱེར་ཏེ་གོམ་ཞེང་ཆེན་པོས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་དར་རྒྱས་གྲོང་ཚོའི་བློ་བཟང་ཆོས་ལྡན་གྱི་ཁྱིམ་དུ་སྐྱོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།