དཔྱིད་མཉམ་པའི་དུས་སུ་དྲི་ཞིམ་མེ་ཏོག་ལ་ལྟ་བར་སྐྱོད་པ།
འདི་ནི་ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་ཀྲེན་ཧའེ་ཆུས་ཅིའུ་ལུང་ཧུའུ་གྲོང་རྡལ་ཅིའུ་ལུང་ཧུའུ་གྲོང་ཚོའི་པད་ཁའི་ཞིང་ཐང་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་ཅིང་། ཡུལ་སྐོར་བས་པད་ཁའི་མེ་ཏོག་གི་མཛེས་པ་མྱོང་རོལ་བྱེད་བཞིན་པ།
འདི་ནི་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཆུ་སྟེང་སྤྱི་གླིང་དུ་ཡུལ་སྐོར་བས་གྲུ་གཏོང་བཞིན་པ།
འདི་ནི་ཅང་སུའུ་ཝུའུ་ཤིས་ཐའེ་ཧུའུ་མཚེའུ་ཡོན་ཐོའུ་ཀྲུའུ་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་མེ་ཏོག་ལ་ལྟ་བཞིན་པ།
འདི་ནི་ཨན་ཧུའེ་ཞིང་ཆེན་ཧོང་ཧྲན་གྲོང་ཁྱེར་ཧྲེ་རྫོང་ཧྲེན་ཏུའུ་གྲོང་རྡལ་དབྱང་ཁྲན་གྲོང་ཚོའི་དཔྱིད་ཀྱི་མཛེས་ལྗོངས་ཡིན་པ།
འདི་ནི་ཧོ་ནན་སན་མོན་ཞ་རྨ་ཆུའི་ངོགས་སུ་གྲོང་མིས་མེ་ཏོག་ལ་ལྟ་བཞིན་པ།
དཔྱིད་མཉམ་པའི་དུས་སུ་སྐྱེ་དངོས་ཐམས་ཅད་སྐྱེ་འཚར་འབྱུང་བཞིན་ཡོད་པས་མི་རྣམས་ཕྱི་རོལ་དུ་དྲི་ཞིམ་མེ་ཏོག་ལ་ལྟ་བར་བསྐྱོད་ནས་དཔྱིད་ཀྱི་དུས་བཟང་ལ་རོལ་བཞིན་ཡོད།