ཧོང་མའོ་རྒྱ་མཚོའི་ཀའོ་ལན་གྲུ་ཁའི་ཟམ་ཆེན(གཡོན) དང་ཧོང་མའོ་རྒྱ་མཚོའི་ཟམ་ཆེན།
ཧོང་མའོ་རྒྱ་མཚོའི་མཚོ་སྒྲོལ་ལམ་ནི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མཚོ་སྒྲོལ་ལས་གྲྭ་ཆེན་པོ་ཞིག་ཡིན་ཞིང་། མཚོ་སྒྲོལ་དུམ་བུ་དེ་ཀའོ་ལན་གྲུ་ཁའི་ཟམ་ཆེན་དང་ཧོང་མའོ་རྒྱ་མཚོའི་ཟམ་ཆེན་གཉིས་ལས་གྲུབ་ཡོད། ཧོང་མའོ་རྒྱ་མཚོའི་མཚོ་སྒྲོལ་ལམ་གྱིས་ཀྲུའུ་ཧའེ་གྲོང་ཁྱེར་དང་ཅང་མོན་གྲོང་ཁྱེར་སྦྲེལ་མཐུད་བྱས་པ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་31ཙམ་ཡོད། རྣམ་གྲངས་བསྐྲུན་རྗེས་ཁུག་ཆེན་ཁུལ་གྱི་མཚོ་དང་གཙང་པོ་སྒྲོལ་བའི་བགྲོད་ལམ་སྔར་བས་ལེགས་སུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད། ཟླ་3ཚེས་20ཉིན་ཀའོ་ལན་གྲུ་ཁའི་ཟམ་ཆེན་གྱི་ཟམ་གདུང་མཇུག་ཤོས་ལ་ཚ་ལ་བརྒྱབ་པ་དང་བསྟུན་ནས་ཀྲུང་གོ་འགྲིམ་འགྲུལ་གཞུང་ལམ་འཛུགས་སྐྲུན་གྱིས་སྐྲུན་འགན་འཁུར་བའི་ཧོང་མའོ་རྒྱ་མཚོའི་མཚོ་སྒྲོལ་ལམ་གྱི་ཀའོ་ལན་གྲུ་ཁའི་ཟམ་སྣེ་སྦྲེལ་མཐུད་ཐུབ་ཡོད།