བསྐྱར་དར་རྟགས་ཅན་ལེང་ཧྲན་དུ་ཤར་གཏོང་ཐུབ་པ།
ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་གསར་པ་ཤར་གཏོང་ཐུབ་ཚུན། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་ཐེངས་40ལྷག་ཙམ་བཏང་ནས་ཉིན་རེར་འགྲུལ་པ་མི་ཐེངས་ཁྲི་10ལྷག་ཙམ་སྐྱེལ་འདྲེན་བྱས་པ་དེས་སི་ཁྲོན་ལེང་ཧྲན་ས་ཁུལ་གྱི་ལྕགས་ལམ་རྒྱུད་ཀྱི་མི་དམངས་མང་ཚོགས་འགྲོ་སྐྱོད་དང་དངོས་ཟོག་སྐྱེལ་འདྲེན་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་དང་དེས་ལམ་རྒྱུད་ཀྱི་ཐོན་ཁུངས་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་ནས་མི་རིགས་ས་ཁུལ་འཕེལ་རྒྱས་མྱུར་པོ་དང་། གྲོང་གསེབ་དར་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གསོན་ཤུགས་གསར་པ་བསྣན་ཡོད། འདི་ནི་ཟླ་3ཚེས་17ཉིན། ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་གསར་པར་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཞིག་སི་ཁྲོན་ལེང་ཧྲན་ཀྲོའུ་གཡོད་ཤིས་རྫོང་གི་པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་ཞིང་འགྲམ་ནས་སྐྱོད་བཞིན་པ།