དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • དཔྱིད་ཐལ་བ་འཚུབ་འཚུབ་མ་བྱས་ན། སྟོན་སྣུམ་ཞག་ཚིལ་ཚིལ་ག་ནས་ཡོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-22

    འདི་ནི་སྨོན་འདུན་ཞུ་རེས་བྱེད་བཞིན་པ།

    འདི་ནི་ལག་ཏུ་སོན་བཟང་ཁྱེར་བའི་ལོ་བཟང་བུ་མོ།

    འདི་ནི་སོན་མས་སོན་སྟོར་བཞིན་པ།

    འདི་ནི་བཀྲ་ཤིས་ཕྱེ་མར་འདེགས་བཞིན་པ།

    འདི་ནི་བེ་བཤལ་འཐེན་བཞིན་པ།

    འདི་ནི་ལོ་ལེགས་ཡོང་བར་གདེང་ཚོད་ཀྱིས་ཁེངས་བཞིན་པ།

    འདི་ནི་དྲན་རྟེན་གྱི་པར་རྒྱག་བཞིན་པ།

    འདི་ནི་གཞས་ཆེན་གཏོང་བཞིན་པ།

    འདི་ནི་རྨོ་འདེབས་ཀྱི་སྟ་གོན་བྱེད་བཞིན་པ།

    འདི་ནི་གཉའ་གཅོག་མཛད་སྒོ་འཚོགས་ཡུལ་ཡིན་པ།

    དཔྱིད་མཉམ་དུས་ཚིགས་སུ་ཡངས་ཤིང་རྒྱ་ཆེ་བའི་ཞིང་ས་གཤིན་པོར་གྲོང་གསེབ་དར་རྒྱས་ཀྱི་དཔྱིད་རྨོད་ལས་ལ་བྲེལ་འགོ་ཚུགས།

    ཉིན་ཤས་གོང་། ས་མཐོའི་ཞིང་ཁུལ་ཁག་ཏུ་རྣམ་པ་སྣ་ཚོགས་ཀྱི་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོགས།

    ཞོགས་སྔ་པོར་གྲོང་མི་ཚོས་རྨོད་རྒྱག་འཕྲུལ་འཁོར་བཏང་ནས་རེ་བའི་ཞིང་ས་གཤིན་པོར་དཔྱིད་ཀྱི་རྨོད་དང་པོ་དེ་རྒྱག་འགོ་ཚུགས། རྨོད་རྒྱག་འཕྲུལ་འཁོར་ལ་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དང་། མེ་ཏོག ཁ་བཏགས་སོགས་ཀྱི་མཛེས་རྒྱན་ལེགས་པར་སྤྲས།

    ཚང་མས་གཟབ་མཆོར་ལེགས་པར་སྤྲས་ནས་ལག་ཏུ་ཕྱེ་མར་དང་རང་ཁྱིམ་དུ་བསྙལ་བའི་ཞིམ་མངར་མཆོད་ཆང་ཁྱེར་ཏེ་ཞིང་ནང་དུ་འཛོམས་ནས། “ལྷ་གསོལ་ལོ”ཞེས་ལྷ་རྒྱལ་འཐེན་ནས་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། བང་མཛོད་འབྲུ་ཡིས་གང་བའི་བཀྲ་ཤིས་སྨོན་འདུན་ཞུས།

    དེང་རབས་ཅན་གྱི་རྨོད་རྒྱག་འཕྲུལ་འཁོར་གྱི་ལྡིར་སྒྲ་དང་འགྲོགས་ནས་རྨོད་རྒྱག་འཕྲུལ་འཁོར་ཆུང་གྲས་དང་ཆེ་གྲས་གཅིག་རྗེས་གཉིས་མཐུད་ངང་ཞིང་ཁར་འབྱོར། དེ་ནས་ལྕགས་ཀྱི་ཐོང་གཤོལ་གྱིས་ཞིང་ས་གཤིན་པོ་རིམ་གྱིས་སྦོལ་བ་དང་། གཟབ་མཆོར་ལེགས་པར་སྤྲས་པའི་སོན་མ་ཚོས་རོལ་ཤུར་དེད་ནས་ས་བོན་སྟོར།

    རྨོད་རྒྱག་འཕྲུལ་འཁོར་གྱིས་རོལ་འཐེན་རྗེས་གྲོང་མི་ཚོ་རིམ་བཞིན་ཞིང་ཐང་གྲུ་བཞིར་འཛོམས་ཏེ་ཐོང་གཤོལ་གྱིས་ས་སྦོལ་ནས་སྲོལ་རྒྱུན་གྱི་ཞིང་ཁ་རྨོ་སྟངས་སྤྱད། གཉའ་གཅོག་མཛད་སྒོ་མཇུག་འགྲིལ་རྗེས་ཚང་མ་མཉམ་དུ་འཛོམས་ཏེ་ཞིམ་མངར་ནས་ཆང་འཐུང་བ་དང་སྐྱིད་པའི་གཞས་ཆེན་ལ་རོལ་བའི་དགའ་འབོད་ཀྱི་སྒྲ་དང་གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་འོང་ཁར་གྲགས།

    དཔྱིད་དཔལ་རབ་ཏུ་བཞད་པས་སོ་ནམ་དུས་ཚོད་དམ་འཛིན་མི་བྱེད་ག་ལ་སྲིད། 2024ལོར་རང་ལྗོངས་ཀྱིས་དཔྱིད་འདེབས་མུའུ་ཁྲི་345.37བྱ་རྩིས་ཡོད་པ་དང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་དང་སོ་ནམ་དུས་ཚོད་དམ་འཛིན་གྱིས་ཞིང་ལས་རྒྱུ་ཆ་འགན་ལེན་དང་། ཚན་རྩལ་ཞབས་འདེགས་ཞུ་བ། ཞིང་འཕྲུལ་ལ་མ་དངུལ་གཏོང་བ། ཞིང་ནང་གཡོག་བྱེད་སོགས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། དཔྱིད་རྨོད་དཔྱིད་འདེབས་བདེ་བླག་ཡོང་བའི་འགན་ལེན་བྱས་ཏེ་སླར་ཡང་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།