དབུ་ཤོག>པར་མཛོད།
  • དམངས་འཚོའི་བྱ་བ་བསྒྲུབས། བདེ་སྐྱིད་དོན་གཉེར་བྱེད།

    2023ལོའི་མངའ་རིས་ས་ཁུལ་གྱི་དམངས་སྲིད་ལས་དོན་ལ་ཕྱིར་མིག་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-20

    མངའ་རིས་ས་ཁུལ“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་བཞིན་པ།

    མངའ་རིས་ས་ཁུལ“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་ཚོས་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གཏོང་བཞིན་པ།

    དམངས་སྲིད་དམངས་གཅེས་དང་། དམངས་སྲིད་དམངས་ཆེད། དམངས་སྲིད་ལས་དོན་བཅས་ལས་མི་དམངས་ཚོས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་་རེ་འདོད་མཚོན་པ་རེད། 2023ལོར་མངའ་རིས་ས་ཁུལ་དམངས་སྲིད་ཅུས་ཀྱིས་གཞི་རྩའི་དམངས་འཚོ་འགན་ལེན་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། གཞི་རྩའི་སྤྱི་ཚོགས་ཞབས་ཞུའི་བྱེད་པོའི་འགན་འཁྲི་དང་ལས་རིགས་གཙོ་བོ་བཅས་ལ་དམིགས་ནས། དམངས་འཚོའི་ཐ་སྐྱོང་འགན་ལེན་དྲ་བ་མུ་མཐུད་ཚགས་དམ་དུ་བཏང་སྟེ། ས་ཁུལ་ཡོངས་ཀྱི་དམངས་སྲིད་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    དམངས་འཚོའི་འགན་ལེན་ནུས་པ་ཆེ་རུ་བཏང་ནས་ཐ་སྐྱོང་འགན་ལེན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ།

    2023ལོར་མངའ་རིས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་བསྙེན་བཀུར་གྱི་ཚད་གཞི་ལེགས་སྒྲིག་བྱས་ཏེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ལོའི་ཚད་གཞི་སྒོར་180མཐོ་རུ་བཏང་ཞིང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཟླ་རེའི་ཚད་གཞི་སྒོར་20མཐོ་རུ་བཏང་བ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱིས་ཁ་ཐོར་བསྙེན་བཀུར་བྱེད་པའི་ལོའི་ཚད་གཞི་སྒོར་317མཐོ་རུ་བཏང་ལ། གྲོང་གསེབ་ཀྱིས་ཁ་ཐོར་བསྙེན་བཀུར་བྱེད་པའི་ལོའི་ཚད་གཞི་སྒོར་270མཐོ་རུ་བཏང་བ་རེད། དེས་མ་ཟད། མངའ་རིས་ས་ཁུལ་གྱི་དྭ་ཕྲུག་གི་གཞི་རྩའི་འཚོ་བའི་འགན་ལེན་ཚད་གཞི་ལེགས་སྒྲིག་བྱས་ཤིང་། གཅིག་སྡུད་དང་ཁྱིམ་ཚང་གི་འཚོ་སྐྱོང་དྭ་ཕྲུག་གི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་1662བར་ལེགས་སྒྲིག་བྱས་པ་རེད།

    2023ལོར་མངའ་རིས་ས་ཁུལ་གྱིས་དུས་ཐོག་ཏུ་2023ལོའི་ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དྭ་ཕྲུག་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་རོགས་སྐྱོབ་ཁ་གསབ་སྒོར་ཁྲི་2358.69གྲངས་ཚང་ངང་སྤྲད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་སྐྱོང་ལྟེ་གནས་ལ་སྒྲིག་གཞི་འཁོར་སྐྱོད་དང་དེ་བཞིན་མི་སྣའི་འགྲོ་གྲོན་སྒོར་ཁྲི་404.48སྤྲད་ལ། དབང་པོ་སྐྱོན་ཅན་ལ“རིགས་གཉིས”ཀྱི་ཁ་གསབ་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཡོད། མིག་སྔར་ས་ཁུལ་ཡོངས་ཀྱི་ཆ་རྐྱེན་དང་འཚམ་པའི་མི་2959ལ“རིགས་གཉིས”ཀྱི་ཁ་གསབ་དངུལ་སྒོར་ཁྲི་284.1སྤྲད་ཅིང་། དབང་པོ་སྐྱོན་ཅན་ཚབས་ཆེན་908ལ་དབང་པོ་སྐྱོན་ཅན་ཚབས་ཆེན་ལ་ནད་གཡོག་གི་ཁ་གསབ་སྒོར་ཁྲི་174.3སྤྲད་པ་རེད།

    སྤྱི་ཚོགས་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་འབྲེལ་ཡོད་མི་སྣ་དུས་ཐོག་ཏུ་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་པ།

    མངའ་རིས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་ཆ་རྐྱེན་དང་འཚམ་རིགས་དུས་ཐོག་ཏུ་མ་མཐའི་འཚོ་བ་འགན་ལེན་གྱི་ཁྱབ་ཁོངས་ནང་བཅུག་ནས་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་དང་རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱས་ཡོད། མིག་སྔར་ས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་1291དང་མི་3878ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ལ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་2023ལོར་ས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་393གཏན་འཁེལ་བྱས་པ་རེད། དེའི་ནང་གཅིག་སྡུད་བསྙེན་བཀུར་བྱ་ཡུལ་གྱི་མི་252ཡོད་པ་དང་། ཁྱིམ་སྡོད་དམིགས་བསལ་དཀའ་ངལ་ཡོད་པའི་མི་141ལ་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་བྱེད་ཐབས་གཞིར་བཟུང་ཁ་གསབ་དངུལ་སྤྲད་དེ་ཁྱིམ་སྡོད་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ལྟ་རྟོག་ཞབས་ཞུའི་དགོས་མཁོ་ཐག་གཅོད་ནུས་ལྡན་བྱས་པ་རེད།

    དེ་དང་ཆབས་ཅིག་གནས་སྐབས་རོགས་སྐྱོབ་ལམ་ལུཌ་ཀྱི་མྱུར་སྐྱོབ་དང་དཀའ་གནད་སེལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མེ་སྐྱོན་དང་ཐོལ་བྱུང་གི་ནད་གཞི་ཚབས་ཆེན་སོགས་ཀྱིས་རྐྱེན་པས་འཚོ་བར་གནས་སྐབས་དཀའ་ངལ་འཕྲད་པའི་ཁྱིམ་ཚང་ངམ་ཡང་ན་མི་སྒེར་དུས་ཐོག་ཏུ་གནས་སྐབས་རོགས་སྐྱོབ་ཀྱི་ཁྱབ་ཁོངས་ནང་བཅུག་ཡོད། 2023ལོར་མི་ཐེངས་4678ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གནས་སྐབས་རོགས་སྐྱོབ་ལག་བསྟར་བྱས་པ་དང་དངུལ་སྒོར་ཁྲི་583.66སྤྲད་པ་རེད།

    སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས“གཅིག་སྡུད་གཉིས”ཀྱི་ཞབས་ཞུའི་དོ་དམ་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ།

    “གཅིག་སྡུད་གཉིས”ཀྱི་ཞབས་ཞུའི་དོ་དམ་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། མིག་སྔར་མངའ་རིས་ས་ཁུལ་གྱི“གཅིག་སྡུད་གཉིས”ཀྱི་བསྙེན་བཀུར་ལྟེ་གནས་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་བྱིས་པ་132གསོ་ཉར་བྱས་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། དྭ་ཕྲུག་དང་དབང་སྐྱོན་བྱིས་པའི་འཚོ་བར་ལྟ་རྟོག་བྱེད་དཀའ་བ་དང་གཅོང་ནད་སྣ་ཚོགས་ཕོག་པའི་དོན་དངོས་ལ་གཞིགས་ནས་གཟུགས་པོར་བརྟག་དཔྱད་དང་རྒྱུན་དུ་སྨན་བཅོས་བྱས་ཏེ་ཁོང་ཚོའི་གཟུགས་པོའི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། དྭ་ཕྲུག་དང་དབང་སྐྱོན་བྱིས་པ་སློབ་གྲྭར་ཞུགས་པའི་ལས་དོན་ཧུར་ཐག་བསྒྲུབས་ནས་དྭ་ཕྲུག་དང་དབང་སྐྱོན་བྱིས་པར་སློབ་སྦྱོང་གི་རྨང་གཞི་དང་ཟུང་འབྲེལ་བྱས་ཏེ་རིགས་དབྱེ་དང་ལོ་རིམ་དབྱེ་བ་སོགས་ཀྱི་བྱ་ཐབས་བརྒྱུད་ཁོང་ཚོའི་རྒྱུན་གཏན་གྱི་སློབ་སྦྱོང་སློབ་གསོ་བཀོད་སྒྲིག་བྱས་ཡོད། “གཅིག་སྡུད་གཉིས”ཀྱི་སྒྲིག་གཞིའི་ལྟ་སྐྱོང་བའི་ཞབས་ཞུའི་ཆུ་ཚད་དང་ལས་ཀའི་ནུས་པ་ཆེ་རུ་གཏོང་ཆེད། ལྟ་སྐྱོང་བ་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་ཀྱིས་གཉེར་བའི་འབྲེལ་ཡོད་ལས་སྒོའི་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཡོད། མིག་སྔར་ས་ཁུལ་ཡོངས་ཀྱི“གཅིག་སྡུད་གཉིས”ཀྱི་སྒྲིག་གཞིའི་ལྟ་སྐྱོང་བར་ལག་ཁྱེར་ཡོད་ཚད་100%ཟིན་ཡོད།

    སྤྱི་ཚོགས་རྩ་འཛུགས་ལ་དོ་དམ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་པ་འདོན་པར་སྐུལ་འདེད་བཏང་བ།

    མངའ་རིས་ས་ཨུད་ཀྱི“གསར་པ་གཉིས”ཀྱི་ལས་དོན་ཨུ་ལྷན་གྱི་ཞིབ་ཕྲའི་མཛུབ་ཁྲིད་འོག སྤྱི་ཚོགས་རྩ་འཛུཌ་ཕྱོགས་བསྡུས་ཏང་ཨུད་ཀྱི་ཨུ་ཡོན་ཚོགས་འདུ་འཚོགས་ནས་སྔ་རྗེས་སུ་ས་ཁུལ་གྱི་སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་མཉམ་འབྲེལ་ཏང་ཀྲི་པུའུ་དང་། ས་ཁུལ་གྱི་ཡིག་གཟུཌ་དང་རི་མོ་བའི་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ། པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ། རྩོམ་པ་པོའི་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་། རླངས་འཁོར་དང་སྦག་སྦག་གི་ཕྱི་རོལ་མྱུལ་དཔྱད་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་བཅས་བཙུགས་ཏེ། ས་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་ལ་ཏང་རྩ་འཛུགས་ཁྱབ་ཚད་86%ཟིན་པ་རེད།

    2022ལོ་དང་2023ལོར་ས་ཁུལ་ཡོངས་སུ་སྡེ་ཁུལ་གྱི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཁྱོན་4ཐོ་འགོད་བྱས་ནས་བཙུགས་ཡོད། སྤྱི་ཚོགས་རྩ་འཛུགས་ཀྱིས་ཆེད་ལས་ཀྱི་ལེགས་ཆ་འདོན་པར་བསྔགས་སྐུལ་དང་། ཤང་དང་གྲོང་རྡལ་གྱི་སྤྱི་ཚོགས་ལས་དོན་ས་ཚིགས་ཀྱི་འཛུགས་སྐྲུན་འཁོར་སྐྱོད་ཀྱི་ལས་དོན་བསྒྲུབས་ཏེ་སྤྱི་ཚོགས་ལས་དོན་ཡུན་རིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད།

    མིག་སྔར་མངའ་རིས་ས་ཁུལ་དང་དེ་བཞིན་སྒར་རྫོང་དང་། རུ་ཐོག་རྫོང་། མཚོ་ཆེན་རྫོང་བཅས་ཀྱི་གཞིས་ལུས་དང་དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་སྲུང་སྐྱོང་གི་རྣམ་གྲངས་དང་། སྒར་རྫོང་གི་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཚང་མ་སྡེ་ཁུལ་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རྩ་འཛུགས་ལ་འགན་སྤྲད་ཅིང་། ཕྱོགས་གསུམ་པའི་སྤྱི་ཚོགས་རྩ་འཛུགས་ཞུགས་ཏེ་མངའ་རིས་ས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པ་དང་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་རོགས་སྐྱོབ་དང་། དགའ་གཅེས། ཁེ་དབང་འགན་ལེན་སོགས་ལ་ཆེད་ལས་ཀྱི་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།