སོ་ནམ་ལས་ལ་བྲེལ་བ།
དཔྱིད་མཉམ་ཤར་བས་ས་གནས་ཁག་གི་ཞིང་པ་རྣམས་ཞིང་ལས་ལ་བྲེལ་འགོ་ཚུགས་ཤིང་། འདི་ནི་ཧོ་ནན་ཞིང་ཆེན་ཅའོ་ཙའོ་གྲོང་ཁྱེར་པོ་ཨེ་རྫོང་ཤའོ་ཅིན་གྲོང་རྡལ་ཏུང་ཡོན་ཀྲོང་གྲོང་ཚོའི་རུའེ་ཧུའེ་ཁྱིམ་ཚང་ཞིང་རར་གྲོང་མིས་རང་འགུལ་ཆུ་གཏོར་འཕྲུལ་ཆས་ལ་བརྟེན་ནས་ཆུ་རྒྱག་བཞིན་པ།