དབུ་ཤོག>པར་མཛོད།>པར་མཁན།
  • “མངར་ཆའི་ཐོན་ལས”ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-17

    ད་ཕན་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅེ་གྲོང་ཁྱེར་ཨན་ཧྭ་གྲོང་རྡལ་ཧྥུང་ཅང་ཀྲོའུ་གྲོང་ཚོས་ས་ཞིང་གཅིག་སྡུད་བརྒྱུད་བཤུག་བྱས་ནས། “མངར་ཆའི་ཐོན་ལས”ལ་བརྟེན་ཏེ་བརྒྱུད་བཤུག་བྱས་པའི་ས་ཞིང་མུའུ་500ལྷག་ཙམ་ལ་བུར་ཤིང་དང་། ཀའོ་ལིའང་། པད་ཁ་སོགས་ཀྱི་ལོ་ཏོག་བཏབ་པ་མ་ཟད། མཉམ་སྡེབ་བཟོ་ཁང་ལ་བརྟེན་ནས་བུ་རམ་དང་ཨན་ཧྭ་ཆུས་ཨ་རག་སོགས་ཐོན་སྐྱེད་བྱས་ཏེ། ཞིང་པ་ཚོ་ཁྱིམ་གྱི་སྒོ་རྩ་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་དང་མི་སེར་ཕྱུག་པོ་ཆགས་པར་རམ་འདེགས་བྱས་ཤིང་། འདི་ནི་ཁྱིམ་བདག་ཚོས་ཕྲུ་གུ་ཚོ་ཁྲིད་ནས་ཨན་ཧྭ་གྲོང་རྡལ་ཧྥུང་ཅང་ཀྲོའུ་གྲོང་ཚོའི་པད་ཁའི་ཞིང་ཐང་དུ་རྩེད་འཇོར་རོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།