དབུ་ཤོག>པར་མཛོད།
  • ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་སྐབས་བཅུ་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-15

    ཚེས་12ཉིན་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་སྐབས12པ་དངོས་སུ་འགོ་ཚུགས་པ་དང་ས་གནས་ས་ཐོག་གི་ལྟད་མོ་བས་མཉམ་དུ་ཟློས་གར་ཆེ་གྲས་དེ་འཁྲབ་འགོ་ཚུགས་པའི་དཔང་པོ་བྱས་པ་རེད།

    དུས་ཡུན་ལོ་11རིང་རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1800ལྷག་ཙམ་བྱས་པ་དང་འཁྲབ་སྟོན་དང་དེ་བཞིན་ཡུལ་སྐོར་གྱི་ལེ་ལག་ཚང་བའི་རྣམ་གྲངས་ཀྱིས་རིམ་རྩིས་བྱས་ན་ལྟད་མོ་བ་མི་ཐེངས་ཁྲི་3000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ས་གནས་དེ་གའི་མང་ཚོགས་ལ་གླ་ཆ་སྒོར་དུང་ཕྱུར་4.8ཙམ་བྱུང་ཡོད། འཁྲབ་ཚན་དེ་བོད་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་དང་ཡུལ་སྐོར་བ་བོད་དུ་ཡུལ་སྐོར་དུ་ཡོང་བའི“གསེར་བྱང”དུ་གྱུར་ནས། བོད་ཀྱི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཆགས་ཡོད།

    འདི་ནི་སྙན་ངག་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།