དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལས་འགོ་བསྐྱར་ཚུགས་དུང་བརྡ་གྲགས། ནུས་ཤུགས་ཡོད་རྒུས་ལས་ལ་བརྩོན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-13

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་2024ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོག་ཡུལ་དུ་ལས་ཞུགས་པ་ཚོས་ལས་འགོ་བསྐྱར་ཚུགས་ཀྱི་བདེ་འཇགས་སློབ་ཚན་དང་པོ་ཉན་བཞིན་པ།

    ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་བདེ་འཇགས་ལྟ་ཞིབ་ཅུས་ཀྱིས་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་སོགས་སྡེ་ཚན་དང་མཉམ་དུ་ལྷ་ས་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་བསྐྱར་ཚུགས་ཀྱི་འགོ་འཛུགས་མཛད་སྒོའི་ཐོག་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། འདི་ནི་ལས་དོན་པས་ས་གནས་ས་ཐོག་གི་ལས་བྱེད་པ་དང་ལས་བཟོ་དང་ཨར་སྐྲུན་ཁེ་ལས་ཀྱི་འཐུས་མིར་ཨར་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་ལྷག་བ་ཆུ་ཤུགས་གློག་ཁང་གི་ཨར་སྐྲུན་བྱ་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།