ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་གྱི་གྲུ་ཁ་ཨ་མའི་ཡུལ་སྐོར་གྲུ་གཟིངས་ཐོག་མ་ཐོན་འགོ་ཚུགས་པ།
ཉེ་ཆར། ཧྥུའུ་ཅན་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ་ལྟེ་གནས་ནས་ཐོན་པའི“ཕུགས་འདུན”རྟགས་ཅན་གྱི་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུ་ཉིན་3དང་མཚན་2རི་པིན་དུ་ཡུལ་སྐོར་དུ་སྐྱོད་འགོ་ཚུགས་པ་ལས་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་གྲུ་ཁ་ཨ་མའི་རྒྱལ་སྤྱིའི་མཚོ་ལམ་སྐྱེལ་འདྲེན་དངོས་སུ་བྱེད་འགོ་ཚུགས་པ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཕིང་ཐན་གྱིས་མཚོ་ཐོག་གླིང་ཕྲན་གྱི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་མཚོ་ལམ་དངོས་སུ་གཉེར་སྐྱོང་བྱེད་པའི་དམིགས་ཡུལ་ནི་ཧྥུའུ་ཅན་གྱི་མཚོ་ལམ་ཤར་གཏོང་ཐུབ་པར་བྱས་ནས་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་གསར་པ་བསྣན་ཡོད།
འདི་ནི་ཉིན་དེར“ཕུགས་འདུན”རྟགས་ཅན་གྱི་རྒྱལ་སྤྱིའི་ཡུལ་སྐོར་གྲུ་གཟིངས་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁར་ཁ་བཀག་ཡོད་པ།