དབུ་ཤོག>པར་མཛོད།>པར་མཁན།
  • ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-13

    ཉེ་ཆར། ཀྲུང་ཡོའི་དུས་གཏན་མེ་འཁོར(ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་དང་། ཀྲུང་གོའི་ཤིས་ཨན། ཧང་ག་རིའི་པུ་ཏ་ཧྥེ་སི)བཅས་ཀྱི་རྒྱལ་སྒྲོལ་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་བྱེད་པའི་དུས་གཏན་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁ་ནས་ཐོན་པ་ལས་ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)གྱི་རྒྱལ་སྒྲོལ་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དུ་གྱུར་བ་མཚོན་ཡོད། འདི་ལོ་ཚུན། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)རིམ་རྩིས་བྱས་ན་གཏོང་ཐེངས་700ལས་བརྒལ་ནས་ལོ་རྒྱུས་ཐོག་གི་ཟིན་ཐོ་གསར་པ་བཏོད་དེ་འགོ་ཚུགས་བཀྲ་ཤིས་བྱུང་བ་རེད། འདི་ནི་ཉིན་དེར་ཀྲུང་ཡོའི་དུས་གཏན་མེ་འཁོར(ཝེ་ཐེ་ནམ་གྱི་ཧ་ནོ་དབྱི་དང་། ཀྲུང་གོའི་ཤིས་ཨན། ཧང་ག་རིའི་པུ་ཏ་ཧྥེ་སི)བཅས་ཀྱི་རྒྱལ་སྒྲོལ་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁ་ནས་ཐོན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།