དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཚོད་ལྟའི་ཁོར་ཡུག་བསྐྲུན་ནས་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    ཉིན་ཤས་གོང་། འདམ་གཞུང་རྫོང་ཡངས་པ་ཅན་དུ་ཡོད་པའི་འཛམ་གླིང་གི་ས་བབ་མཐོ་ཤོས་དང་། བར་མཐོངས་ཆེ་ཤོས། ཕྱོགས་བསྡུས་ཚོད་ལྟའི་ནུས་པ་ཆེ་ཤོས་བཅས་ཀྱི་བོད་ལྗོངས་ས་བབ་མཐོ་ཁུལ་གྱི་ཆེས་མཐོ་གནོན་ཚོད་ལྟའི་ཚོམས་ཆེན་གྱི་སྒྲོམ་གཞི་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་བསྐྲུན་རྗེས། རང་རྒྱལ་གྱི་ས་བབ་མཐོ་ཁུལ་གྱི་མཁའ་རླུང་བར་གསེང་དང་ཕྱི་ངོས་གློག་འགོག་སོགས་ཞིབ་འཇུག་ཐད་བརྟན་ལ་ནུས་ཆེའི་ཚོད་ལྟའི་ཁོར་ཡུག་མཁོ་འདོན་བྱས་ནས། ས་བབ་མཐོ་ཁུལ་གྱི་ཆེས་མཐོ་གནོན་ལས་གྲྭ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་ཐུབ་སྟེ། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ནི་སྐྲུན་བཞིན་པའི་བོད་ལྗོངས་ས་བབ་མཐོ་ཁུལ་གྱི་ཆེས་མཐོ་གནོན་ཚོད་ལྟའི་ཚོམས་ཆེན་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།