དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-12

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གི་འཚམས་འདྲི་ཚོགས་ཆུང་གིས་དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་དུད་ཚང་དུ་བསྐྱོད་དེ། མང་ཚོགས་དང་གླེང་མོལ་བྱས་ནས་ཁོང་ཚོའི་རྒྱུན་གཏན་གྱི་འཚོ་བ་དང་ཡོང་འབབ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་དུད་ཚང་ལ་དཀའ་ངལ་འཕྲད་སྐབས་དུས་ཐོག་ཏུ་གྲོང་གསེབ་ཀྱི་ལས་དོན་པར་སྙན་སེང་ཞུ་དགོས་ཞེས་བརྗོད་པ་དང་སྦྲགས། ལྟ་ཞིབ་ཚད་ལེན་དུད་ཚང་ལ་འཚམས་འདྲིའི་དངུལ་ཡང་སྤྲད་པ་རེད། འདི་ནི་གནམ་ཤང་གི་འཚམས་འདྲི་ཚོགས་ཆུང་གི་ལས་དོན་པས་དབུལ་སྒྲོལ་ལྟ་ཞིབ་ཚད་ལེན་དུད་ཚང་གི་མང་ཚོགས་དང་གླེང་མོལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།