དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཚོགས་འདུ་གཉིས་ཀྱི་པར་རིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-10

    ཟླ་3ཚེས་6ཉིན་གྱི་སྔ་དྲོར་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་མུ་མཐུད་གྲོས་ཞིབ། འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་ཀྱི་སྙན་སྒྲོན་ལ་ཞིབ་བཤེར་གནང་ཞིང་། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མས(དཀྱིལ)ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།

    ཟླ་3ཚེས་6ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚོགས་པའི་སྒོ་འབྱེད་བྱེད་སྒོ་སྤེལ་བ་དང་། ཀྲུང་ཕྱིའི་གསར་འགྱུར་སྨྱན་སྦྱོར་46གི་གསར་འགོད་པ་80ལྷག་ཙམ་བཅར་འདྲིར་སླེབས་ཡོད། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནོར་བུ་གཡང་འཛོམས(དཀྱིལ)ཀྱིས་བྱེད་སྒོ་སྤེལ་ཡུལ་དུ་གསར་འགོད་པའི་དྲི་བར་ལན་བསྐྱོན་བཞིན་པ།

    ཟླ་3ཚེས་6ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པས་མུ་མཐུད་ཚོགས་ཆུང་གྲོས་བསྡུར་བྱས་ཤིང་། འདི་ནི་གྲངས་ཉུང་མི་རིགས་རིགས་ཁོངས་ཀྱི་བོད་དུ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ཚོགས་འདུ་གྲོལ་རྗེས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་སྤེལ་རེས་གནང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།