རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཆེད་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་འདོན་པ།
འདི་ནི་ཟླ་3ཚེས་7ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བུད་མེད་ཨུ་ཡོན་ཚོ་ནན་ཏན་ངང་ཚོགས་འདུ་གསན་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ལེ་ཧྲེང་གིས་པར་བླངས།
འདི་ནི་ཟླ་3ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲ་སྒྲིག་ཚོགས་འདུ་མ་འཚོག་གོང་བུད་མེད་འཐུས་མི་ཚོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཅང་ཡུས་ཧྲི་ཡིས་པར་བླངས།
འདི་ནི་ཟླ་3ཚེས་5ཉིན། འཐུས་མི་ཤ་ཧྭ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲའེ་ཅན་ལན་གྱིས་པར་བླངས།
འདི་ནི་ཟླ་3ཚེས་7ཉིན། རིག་རྩལ་རིགས་ཁོངས་ཀྱི་བུད་མེད་ཨུ་ཡོན་ཚོས་སྤེལ་རེས་གནང་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཁྲེན་ཡོན་ཡོན་གྱིས་པར་བླངས།
འདི་ནི་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས(ཀོང་ཨན)སེམས་སྦྲེལ་ཟམ་པ་གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་འཐུས་མི་མོང་ཡོན(གཡོན་གྱི་དང་པོ)གྲོང་ཚོ་དང་དུད་ཚང་དུ་ཕེབས་ཏེ་བརྟག་ཞིབ་གནང་བཞིན་པ། སུང་ཧའོ་ཤིན་དང་ཧོའུ་ཁུན་ཅང་གིས་པར་བླངས།
འདི་ནི་ཟླ་3ཚེས་6ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་རིགས་ཁོངས་དང་ཁོར་ཡུག་ཐོན་ཁུངས་རིགས་ཁོངས་ཀྱི་ཨུ་ཡོན་གྱི་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུ་མ་འཚོག་གོང་ཨུ་ཡོན་ཝང་ཧུང་ལིང(གཡོན)དང་། ཀྲང་ཆིང་ཡིང(དཀྱིལ) ཆུས་ཅེ(གཡས)བཅས་ཀྱིས་སྤེལ་རེས་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཅིང་ཝུན་གྱིས་པར་བླངས།
འདི་ནི་ཟླ་3ཚེས་6ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་ཤིས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་བུད་མེད་འཐུས་མིས་གཏམ་བཤད་སྤེལ་བཞིན་པ། མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཅང་ཡུས་ཧྲི་ཡིས་པར་བླངས།
འདི་ནི་ཟླ་3ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཀུའེ་ཀྲོའུ་འཐུས་མི་ཚོགས་པའི་ཚོགས་ཆུང་ཚོགས་འདུའི་ཐོག་བུད་མེད་འཐུས་མིས་གཏམ་བཤད་སྤེལ་བཞིན་པ། སུའུ་པིན་དང་ལི་སེན་གྱིས་པར་བླངས།
ཟླ་3ཚེས་4ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། འདི་ནི་གསར་འགོད་པས་ཚོགས་འདུར་པར་ལེན་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཚའི་ཡང་གིས་པར་བླངས།
འདི་ནི་ཟླ་3ཚེས་5ཉིན། འཐུས་མི་ཞུས་ཡའོ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་འགོ་ཚུགས་ཚོགས་འདུ་གསན་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅུས་ཕུང་གིས་པར་བླངས།
འདི་ནི་ཟླ་3ཚེས་5ཉིན། འཐུས་མི་ལི་རུའེ་ཧྥང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཡུན་ནན་གྱི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་གཏམ་བཤད་སྤེལ་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལི་ཝེ་པིང་གིས་པར་བླངས།
“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེའི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་མི་སྣ་བཅས་དང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད།
རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐོག བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན་ཚོས་འགན་འཁྲི་ནན་སྒྲུབ་དང་རྒྱལ་དོན་མཉམ་གྲོས་བྱས་ནས་འགན་འཁྲི་འཁུར་སེམས་དང་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བུད་མེད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་བ་རེད།