རང་འགན་གཙང་སྒྲུབ་འགན་འཁྲི་འཁུར། སེམས་ནུས་གཅིག་སྒྲིལ་ལེའུ་གསར་རྩོམ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྗེས་ཡིད་ཆེས་ཀྱིས་ཁེངས་བཞིན་མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་ཕེབས་པ།
འདི་ནི་ཚོགས་རའི་ཕྱི་རོལ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་མ་རླངས་འཁོར་ལ་བཞུགས་ནས་ཚོགས་རའི་ཕྱོགས་སུ་ཕེབས་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལུའོ་ཆིང་ཝུའུ་ཡིས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚོགས་འདུ་ནན་ཏན་ངང་གསན་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོས་ཀྲུང་དབྱང་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཆང་གིས་བཞུགས་གནས་སུ་གཏམ་བཤད་དཔྱད་གཞི་ལེགས་སྒྲིག་གནང་བཞིན་པ།
འདི་ནི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཚོགས་འདུའི་བར་གསེང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བཞིན་པ།
ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་360ལྷག་ཙམ་གྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་བསྣམས་པའི་རང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཡིད་ཆེས་དང་རེ་བས་ཁེངས་བཞིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་དང་ལྷན་དུ་པེ་ཅིང་དུ་འཛོམས་ཏེ། རྒྱལ་དོན་གྲོས་མོལ་གནང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སེམས་ནུས་གཅིག་སྒྲིལ་དང་ཐབས་འདོན་ཇུས་འབུལ་གནང་རྒྱུ་རེད།
དཔྱིད་རླུང་བསུ་བཞིན་ཚོགས་འདུར་ཞུགས་མཁན་འཐུས་མི་ཚོས་སྙིང་སྟོབས་ཆེར་སྐྱེད་ཀྱིས་སྙན་སྒྲོན་གསན་པ་དང་། གྲོས་བསྡུར་ལྷུག་པོར་གནང་བ། བློ་རྩེ་གཅིག་སྒྲིམ་གྱིས་རང་འགན་གཙང་སྒྲུབ་གནང་བཞིན་ཡོད།
འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། ཚང་མས། མི་དམངས་ཁྲོད་ནས་ཡོང་བ་དང་མི་དམངས་ཁྲོད་དུ་རྩ་བ་ཚུཌ་པའི་དམིགས་བསལ་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་ཀྱི་ཁེ་ཕན་དང་འདོད་འདུན་ལྷག་བསམ་རྣམ་དག་གིས་མཚོན་པ་དང་། རྒྱལ་ཁབ་ཀྱི་དབང་ཆ་ལག་བསྟར་བྱེད་པའི་ནང་ཁྲིམས་ལྟར་ཞུགས་པ། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བསམ་འདུན་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་ཏུ་སྒྲིལ་བ། མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་པ། མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱེད་པ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་སྔར་བས་གཅིག་སྒྲིལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།