བོད་རུམ་འཐག་རྩལ་རྒྱུན་འཛིན་བྱས། འབབ་འཕར་ལམ་བུ་རྒྱ་ཆེར་བཏང་།
བཏགས་ཟིན་པའི་བོད་རུམ་ལེགས་སྒྲིག་བྱེད་བཞིན་པ།
བུད་མེད་གཅིག་གིས་བོད་རུམ་འཐག་བཞིན་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་དུ་འབྲེལ་ཏེ། བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཚོང་འགུགས་མ་འདྲེན་གྱིས་ཀུང་སི་བཙུགས་ཏེ་བོད་རུམ་འཐག་པ་དང་། ས་གནས་དེ་གའི་ལག་རྩལ་པ་བསླས་འཐག་བཟོ་རྩལ་སློབ་པར་གདན་དྲངས་ཏེ་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱས་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ལམ་བུའང་རྒྱ་ཆེར་བཏང་ཡོད།