དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • དགུན་དུས་གནམ་མཚོའི་གླང་ཆེན་སྒོ་མོའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    གནམ་མཚོའི་གླང་ཆེན་སྒོ་མོའི་མཛེས་ལྗོངས་ཁུལ་དེ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཁོངས་སུ་གནས་ཏེ། གཉན་ཆེན་ཐང་ལྷ་དང་གནམ་མཚོ་ཕྱུག་མོ་དང་ལྷན་ཅིག་ཏུ་ས་མཐོའི་རང་བྱུང་མཛེས་ལྗོངས་ཁྱད་པར་ཅན་ཞིག་ཏུ་གྲུབ་ཡོད། མཛེས་ལྗོངས་ཁུལ་ནས་བལྟས་ཚེ་མཚོ་འགྲམ་དུ་ལྷུན་གྱིས་གྲུབ་པའི་གླང་ཆེན་གྱི་གཟུགས་འདྲ་བའི་བྲག་རྡོ་ཞིག་ཀྲོང་ངེར་འགྱིང་ནས་ཡོད་ལ། དེའི་བྲག་གཟུགས་དང་སྣའི་བར་མཐོངས་དེ་བྲག་སྒོ་ཆེན་པོ་ཞིག་དང་འདྲ་བར་སྣང་། མིག་སྔར་མཛེས་ལྗོངས་ཁུལ་སྒོ་ཕྱེ་བའི་དུས་འགོའི་གྲ་སྒྲིག་ལས་དོན་བསྒྲུབས་ཟིན་པ་དང་། མཛེས་ལྗོངས་ཁུལ་གྱི་གཞི་རྩའི་སྒྲིག་བཀོད་ཆ་ཚང་བས་ཟླ་3ཚེས་26ཉིན་བསྐྱར་དུ་སྒོ་དབྱེ་རྒྱུ་ཡིན་ཞིང་། འདི་ནི་དགུན་དུས་གནམ་མཚོའི་གླང་ཆེན་སྒོ་མོའི་མཛེས་ལྗོངས་ཁུལ་གྱི་ཟུར་ཞིག་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།