དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལས་དོན་པས་ཁྱིམ་བདག་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་གིས“དགའ་སྤྲོའི་ངང་ནས་གུང་གསེང་གཏོང་། བདེ་འཇགས་ཡོང་བར་འགན་ལེན་བྱེད”བརྗོད་དོན་གཙོ་བོའི་བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་རིང་། ལས་དོན་པས་གུང་གསེང་གི་འགྲིམ་འགྲུལ་བདེ་འཇགས་དང་། ཕྱི་རོལ་བྱེད་སྒོའི་བདེ་འཇགས་རྒྱུན་ཤེས། ཁྱིམ་ཚང་གི་གློག་སྤྱོད་ཆུ་སྤྱོད་དང་མེ་ཟོན་གྱི་བདེ་འཇགས་སོགས་ཀྱི་ཐད་ནས་ཁྱིམ་བདག་དང་བྱིས་པར་བདེ་འཇགས་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཁྱིམ་བདག་དང་བྱིས་པའི་རང་སྲུང་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་བཏང་ནས། བྱིས་པའི་གུང་གསེང་རིང་གི་བདེ་འཇགས་བསྲུངས་ཤིང་། འདི་ནི་ལས་དོན་པས་ཁྱིམ་བདག་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།