རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་འཚོགས་པ།
ཟླ་2ཚེས་17ཉིན། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོ་ནང་སོག་གི་ཧུའུ་ལུན་པེར་གྲོང་ཁྱེར་ཧེ་ལར་ཆུས་ཀྱི་ནང་སོག་འཁྱགས་ཐོག་ལུས་རྩལ་སྦྱོང་བརྡར་ལྟེ་གནས་སུ་གཉེར་བ་རེད།
འདི་ནི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་བཀྲ་ཤིས་གཡང་ནོར“སའེ་ནོར”གྱིས་འགོ་ཚུགས་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་འགོ་ཚུགས་མཛད་སྒོའི་ཐོག་མི་15ལས་གྲུབ་པའི་བོད་ཀྱི་ལུས་རྩལ་གྱི་འཐུས་མི་ཚོགས་པས་བྱ་སྤུའི་སྟོད་གོས་དམར་པོ་གྱོན་པ་དང་། རྒྱལ་དར་ཆུང་ངུ་གཡུག་གཡུག་བྱས་ནས་གོམ་སྟབས་འགྲིག་པོས་ཚོགས་རར་སྐྱོད་ཅིང་། རྒྱབ་ཀྱི་བརྙན་ཤེལ་ཆེན་པོའི་ཐོག་ཤོག་དྲས་འདྲ་གཟུགས་དང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་ཚོན་རིས་སོགས་སྒྱུ་རྩལ་རྣམ་པར་བརྟེན་ནས་གཡག་དང་། ནས། ཕོ་བྲང་པོ་ཏ་ལ། རལ་པ་སོགས་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་པར་བྱས་ཡོད།