དབུ་ཤོག>པར་མཛོད།>པར་མཁན།
  • གཞིས་ལུས་བྱིས་པར་གཅེས་སྐྱོང་བྱས་ནས་དཔྱིད་གསར་དུས་ཆེན་དགའ་བས་བསུས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-09

    དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ཧུང་ལིན་དབྱིས་རིགས་མེའོ་རིགས་ཤང་གིས་འབྲེལ་ཡོད་ལས་དོན་ཨུ་ལྷན་དང་། བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། གྲོང་ཚོའི་ལས་བྱེད་པ། ཏང་ཡོན་དང་བླངས་པ་བཅས་སྒྲིག་འཛུགས་བྱས་ཏེ་གཞིས་ལུས་བྱིས་པར་གཅེས་སྐྱོང་བྱས་ནས་དཔྱིད་གསར་དུས་ཆེན་དགའ་བས་བསུ་བའི་བྱེད་སྒོ་སྤེལ་བ་དང་། ཕ་མ་འགྲམ་དུ་མེད་པའི་བྱིས་པར་གནམ་གང་ཉིན་གྱི་ཟ་མ་དང་། གཅེས་སེམས་ཁྱིམ་ཚང་སློབ་གསོ། དཔེ་ཀློག་བྱེད་རོགས་སོགས་ཀྱི་ཞབས་འདེགས་ཞུས་ནས། ཕྲུ་གུ་ཚོ་དཔྱིད་གསར་དུས་ཆེན་དགའ་སྤྲོའི་ངང་གཏོང་རྒྱུ་ཡོང་བ་བཟོས་ཤིང་། འདི་ནི་2024ལོའི་ཟླ་2ཚེས་7ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་གྲོང་ཁྱེར་ཧུང་ལིན་དབྱིས་རིགས་མེའོ་རིགས་ཤང་ཡུས་ཐང་གྲོང་ཚོའི་ལས་བྱེད་པས་གཞིས་ལུས་བྱིས་པ་དང་མཉམ་དུ་ཆུ་མོག་ཟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།