དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ལོ་གསར་འཆར་ལ་ཉེ། མཁོ་ཆས་ཉོ་བར་བྲེལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  དཀོན་མཆོག་ཆོས་མཚོ་དང་དབན་ཅིང་།   |     སྤེལ་དུས།  2024-02-07

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་གཉིས་ཕན་སྒོ་རྩིས་ཚོང་ཁང་གི་ལོ་གསར་མཁོ་ཆས་ཚོང་ཁུལ་གྱི་དུས་ཆེན་གྱི་མཁོ་ཆས་ཡིན་པ།

    བོད་ལྗོངས་ལྷ་ས་གྲོང་ཁྱེར་བར་སྐོར་ཚོང་གྲོང་གི་ཚོང་པས་ཤམ་བུ་ཚད་འཇལ་བཞིན་པ།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ཕན་ཀུའོ་ཡོན་ཤིང་ཏོག་ཚོང་ཁང་དུ་ཤིང་ཏོག་སྣ་ཁ་འཛོམས་པ།

    བོད་ཡིག་གི་རྟེན་འབྲེལ་ཆ་ཡིག་དང་། ཕྱེ་མར་འབོ། ལོ་ཕུད་སོགས་བོད་ཀྱི་ལོ་གསར་གྱི་མཁོ་ཆས་ཉིན་ཤས་རིང་བྲིན་ཁ་ཧ་ཅང་རྒྱུག་ཅིང་། ལྒང་བཞུ་དམར་པོ་དང་། རྟེན་འབྲེལ་གྱི་དཔྱིད་གསར་ཆ་ཡིག བྱེ་རིལ་སྣ་མིན་སྣ་ཚོགས་བཅས་ཁྲོམ་བཀྱག་ཆེ་ཆུང་གང་སར་བསྒྲིགས་ཡོད། མུ་འབྲེལ་ཚོང་ལས་སྒོ་རྩིས་ཚོང་ཁང་ཁག་གིས“ལོ་གསར་གྱི་མཁོ་ཆས”དང“ལོ་གསར་བསུ་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ནང་དོན་ཕུན་སུམ་ཚོགས་པ་དང་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་སྤེལ་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ལོ་གསར་མཁོ་ཆས་ཉོ་བའི་སྤྲོ་སེམས་འཕེལ་བར་བྱས་ཡོད།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་གཉིས་ཕན་སྒོ་རྩིས་ཚོང་ཁང་དུ་སྐྱོད་སྐབས། མིག་ལམ་དུ་མངོན་པ་ནི་ལོ་གསར་པར་རིས་དང་། རྟེན་འབྲེལ་ཆ་ཡིག ལྒང་བཞུ་སོགས་དུས་ཆེན་གྱི་མཁོ་ཆས་ཡིན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་བྱེ་རིལ་དང་ཏན་ཞིམ། འཐུང་བྱ་སྣ་ཚོགས། ཤ་རིགས་དང་ཆུ་ཐོན་ཐོན་རྫས་སོས་པ་སོགས་ཚོང་ཟོག་གང་དགོས་ཚང་མ་ཡོད།

    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྐྱ་ཐང་ཁྲོམ་གཞུང་ནས་ཡིན་པའི་བསོད་ནམས་སྒྲོལ་མས་པད་མ་དབང་མོའི་ས་ནས་ཤིང་ཏོག་སྐམ་པོ་འགྱིག་ཁུག་གཉིས་ཉོས། གསར་འགོད་པས་ཁོ་མོར་ལོ་གསར་གྱི་གྲ་སྒྲིག་གང་འདྲ་བྱུང་སོང་ངམ་ཞེས་འདྲི་སྐབས། བསོད་ནམས་སྒྲོལ་མས“ཟླ་བ་ཁ་ཤས་གོང་ངས་ཕ་ཡུལ་གྱི་གཉེན་ཉེ་ཚོར་གཡག་ཤ་ཁོག་གཅིག་གྲ་སྒྲིག་བྱེད་དུ་བཅུག་པ་ཡིན། ད་ཆ་ཤ་ལྕུག་བཏང་ཚར་ལ་རྒྱུ་མ་ཡང་བརྒྱངས་ཟིན། ད་དུང་ཕ་ཡུལ་གྱི་གཉེན་ཉེས་ཆེད་མངགས་གྲོ་མ་ཡང་བསྐུར་འདུག ད་ལོའི་ནང་མི་མཉམ་འཛོམས་ཀྱི་ཁ་ལག་གྲ་སྒྲིག་གྲ་རྒྱས་པོ་བྱས་ཡོད”ཅེས་དགའ་ཚོར་ཆེན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།