“གྲོང་ཚོའི་མཚན་ཚོགས”ལས་ཉམས་འགྱུར་གསར་པ་མངོན་པ།
ཉིན་ཤས་གོང་། ཆུ་གསུམ་རྫོང་ཆུ་མདོ་རྒྱང་ཤང་གིས་ལས་བྱེད་པ་དང་མང་ཚོགས་300ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། རྨ་རོ་གྲོང་ཚོར“བཀྲ་ཤིས་དུས་ཆེན་དགའ་སྤྲོས་བསུ། འབྲོག་གླུ་སྙན་མོ་ས་མཐོར་ཁྱབ”ཅེས་བརྗོད་དོན་གཙོ་བོར་བྱས་པའི“གྲོང་ཚོའི་མཚན་ཚོགས”ཀྱི་རིག་རྩལ་སྐོང་འཁྲབ་བྱེད་སྒོ་སྤེལ་བ་རེད། ས་གནས་དེ་གའི་འབྲོག་པ་དང་ཕ་ཡུལ་དུ་ལོག་མཁན་སློབ་གྲྭ་ཆེ་མོ་བས་ཟློས་གར་དང་། གླུ་གར། གྱེར་འདོན་སོགས་ཀྱི་ལེ་ཚན་བརྒྱུད་དུས་རབས་གསར་པ་དང་འཚོ་བ་གསར་པར་བསྟོད་གླུ་འབུལ་བ་དང་གཞི་རིམ་མང་ཚོགས་ཀྱི་སྤྲོ་སྣང་དང་བརྩོན་སེམས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཤིང་། འདི་ནི“གྲོང་ཚོའི་མཚན་ཚོགས”ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།