“དལ་བགྲོད་མེ་འཁོར”ནང་ལོ་གསར་གྱི་རྣམ་པ་ཟབ་པ།
ཅིང་ཅིའུ་ལྕགས་ལམ་ལམ་ཐིག་ཏུ་གཏོང་བའི་དུས་གཏན་མེ་འཁོར་ཐེངས་གྲངས་6025/6026དུས་རབས་གོང་མའི་ལོ་རབས་90པར་ཤར་གཏོང་ཐུབ་ཡོད། ཏ་པིའེ་ཧྲན་ས་ཁུལ་དུ་སྐྱོད་པའི་སྤྱི་ཕན“དལ་བགྲོད་མེ་འཁོར”གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་223ཙམ་ཡོད་པ་དང་། ལམ་རྒྱུད་ཀྱི་ཡུལ་མིར་སྟབས་བདེ་སྐྲུན་ཆེད་བབས་ཚུགས་ཆེ་ཆུང་ཚང་མར་ཁ་བཀག་གི་ཡོད། ལམ་རྒྱུད་ཀྱི་མི་རྣམས་ཕྱིར་གླ་པར་སྐྱོད་པའི“ཕྱུག་འགྱུར་མེ་འཁོར”དང་། གྲོང་ཁྱེར་དུ་དངོས་ཟོག་འཚོང་བའི“བབ་བསྟུན་མེ་འཁོར”སློབ་གྲྭར་སྐྱོད་པའི“སློབ་གཉེར་མེ་འཁོར”གཉེན་ཉེ་དང་གྲོགས་པོ་ཐུག་འཕྲད་བྱེད་པའི“བརྩེ་སེམས་མེ་འཁོར”བཅས་སུ་གྱུར་ཡོད།
དཔྱིད་གསར་དུས་ཆེན་འཆར་ཉེའི་མཚམས་སུ། འགྲུལ་པ་ཚོ་སྤྱི་ཕན་གྱི“དལ་བགྲོད་མེ་འཁོར”ལ་བསྡད་དེ་ཕ་ཡུལ་དུ་ལོག་གི་ཡོད། ལྕགས་ལམ་གྱི་ལས་དོན་མི་སྣས་དར་དཔྱངས་ཚོན་ཁྲ་དང་། དབུགས་ལྒང་། ཁྲ་མའི་སྦྱར་རིས་སོགས་ཀྱིས་འཁོར་སྒྲོམ་ལ་མཛེས་རྒྱན་སྤྲས་པས་སྤྱི་ཕན“དལ་བགྲོད་མེ་འཁོར”དུ་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་ཡོད།
འདི་ནི་ཟླ་2ཚེས་1ཉིན་མེ་འཁོར་ཐེངས་གྲངས་6025ཐོག་གི་འགྲུལ་པ་ཡིན་པ།