གཞིས་རྩེའི་མེ་འཁོར་བབས་ཚུགས་སུ“དྲོ་སྐྱིད་ལྡན་པའི་ དགུན་དུས་ཀྱི་བྱ་སྤྱོད”ཀྱི་བྱེད་སྒོ་སྤེལ་བ།
ཟླ་1ཚེས་26ཉིན་ནས་ཟླ་2ཚེས་18ཉིན་བར། གུང་གཞོན་སྡེ་ཚོགས་གཞིས་རྩེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་གྲོང་ཁྱེར་གཞོན་ནུ་དང་བླངས་ལྷན་ཚོགས་ཀྱིས་གཞོན་ནུ་དང་བླངས་པ་སྒྲིག་འཛུགས་རྒྱུན་མཐུད་བྱས་ཏེ། གཞིས་རྩེའི་མེ་འཁོར་བབས་ཚུགས་སུ“དྲོ་སྐྱིད་ལྡན་པའི་དགུན་དུས་ཀྱི་བྱ་སྤྱོད”དཔྱིད་གསར་སྐྱེལ་འདྲེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཡ་རབས་ཁྲིད་སྟོན་དང་། ཡུལ་སྐོར་བློ་འདྲི། སྤ་སེ་ཉོ་བར་ཁྲིད་སྟོན། ཡུལ་སྐོར་བ་དང་འགྲུལ་པར་ཆ་འཕྲིན་འཚོལ་རོགས་སོགས་ཀྱི་དང་བླངས་ཞབས་འདེགས་ཞུས་ནས་ཡུལ་སྐོར་བ་དང་འགྲུལ་པས་འགྲུལ་བཞུད་བྱེད་རིང་དྲོ་སྐྱིད་ཚོར་བར་བྱས་པ་རེད།
འདི་ནི་དང་བླངས་པས་ཡུལ་སྐོར་བ་དང་འགྲུལ་པར་རྡོག་ཁྲེས་དབོར་རོགས་བྱེད་བཞིན་པ།
འདི་ནི་དང་བླངས་པས་ཡུལ་སྐོར་བ་དང་འགྲུལ་པར་དཔྱིད་གསར་གྱི་ཆ་ཡིག་སྤྲད་ནས་ལོ་གསར་གྱི་སྨོན་འདུན་ཞུ་བ།