རང་ལྗོངས་ཀྱི་ལུས་རྩལ་པས་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རི་འཛེག་འགྲན་བསྡུར་ནང་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཅིག་བླངས་པ།
འདི་ནི་རང་ལྗོངས་ཀྱི་བདམས་ཐོན་པ་གཡུ་སྒྲོན་ལྷ་མོས(གཡས་ཀྱི་གསུམ་པ)རྩལ་ཁྲིད་པ་དང་བདམས་ཐོན་པ་གཞན་དང་མཉམ་དུ་བྱ་དགའ་སྤྲོད་པའི་མཛད་སྒོར་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
འདི་ནི་རང་ལྗོངས་ཀྱི་བདམས་ཐོན་པ་གཡུ་སྒྲོན་ལྷ་མོས(གཡོན་གྱི་གསུམ་པ)འགྲན་བསྡུར་བྱེད་བཞིན་པ།
ཚེས་30ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཐག་ཐུང་འགྲན་བསྡུར་ནང་སོག་ཀྲ་ལན་ཐུན་གྲོང་ཁྱེར་ཅིན་ལུང་རི་བོའི་གངས་ཤུད་ཐང་དུ་གཉེར་ཞིང་། རང་ལྗོངས་ཀྱི་ལུས་རྩལ་པས་གསེར་གྱི་རྟགས་མ་གཉིས་དང་དངུལ་གྱི་རྟགས་མ་གཅིག་བླངས་ཡོད་པ་རེད།
ཛ་དྲག་འགྲན་བསྡུར་བྱས་པ་བརྒྱུད། རང་ལྗོངས་ཀྱི་བདམས་ཐོན་པ་གཡུ་སྒྲོན་ལྷ་མོར་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཐག་ཐུང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་དང་། ཀྲང་ཁྲེང་ཧའོ་ལ་ཡོངས་བསྒྲགས་ཚོགས་ཆུང་གི་སྐྱེས་པའི་ཐག་ཐུང་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ། རེན་ཐུང་ལ་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཐག་ཐུང་འགྲན་བསྡུར་གྱི་ཨང་གཉིས་པ་ཐོབ་པ་རེད།