ལྷག་བསམ་དག་པའི་གཅེས་སེམས་ཀྱིས། རྒན་རྒོན་རྣམས་ལ་དྲོ་སྐྱིད་སྦྱིན།
ལོ་གསར་འཆར་ཉེའི་མཚམས་འདིར། ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཏུང་ཁྲང་ཧྥུའུ་ཆུས་ཧོའུ་ཡིང་གྲོང་རྡལ་ཧོའུ་ཡིང་གྲོང་ཚོའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་གཅེས་སེམས་དང་བླངས་པ་བདུན་གྱིས་གྲོང་ཚོ་དེ་གའི་མི་ཧྲེང་རྒན་རྒོན་དང་དེ་བཞིན་རྐང་པ་ཐང་པོ་མེད་པའི་གྲོང་མིར་ཉལ་གདན་དང་། ཉལ་ཆས། གྱོན་ཆས་མཐུག་པོ་སོགས་འཁྲུད་རོགས་བྱས་ཏེ། “གཅེས་སེམས་ཆུང་ངུར”བརྟེན་ནས་རྒན་རྒོན་མང་པོར་བདེ་སྐྱིད་འཚོ་བའི་དྲོ་སྐྱིད་སྦྱིན་ཞིང་། འདི་ནི་ཉེ་ཆར་ཧྲན་ཏུང་ཞིང་ཆེན་ལེའོ་ཁྲེང་གྲོང་ཁྱེར་ཏུང་ཁྲང་ཧྥུའུ་ཆུས་ཧོའུ་ཡིང་གྲོང་རྡལ་ཧོའུ་ཡིང་གྲོང་ཚོའི་གསར་བརྗེའི་སློབ་གསོའི་རྟེན་གཞིར་གཅེས་སེམས་དང་བླངས་པས་གྲོང་ཚོའི་རྒན་རྒོན་ལ་དགུན་ཆས་འཁྲུད་རོགས་བྱེད་བཞིན་པ།