དབུ་ཤོག>པར་མཛོད།>པར་མཁན།
  • རྒྱལ་ནང་གི་མཚོ་སྒྲོལ་བར་ཐག་རིང་ཤོས་ཀྱི་གནམ་དཔྱང་གློག་སྐུད་ཚང་མ་ཁྲིད་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-29

    ཉེ་ཆར། ཧྥུའུ་ཅན་ཧྥུའུ་ཆིང་གིས་ཆན་ཕུའུ་220ཡི་ཁྲེ་ཧྭ་ལམ་ཐིག་ལས་གྲྭའི་མཐའ་མའི་འདྲེན་སྐུད་འཐེན་པའི་ལས་དོན་ལེགས་སྒྲུབ་ཐུབ་པ་དེ་ཐོག་ནས་རྒྱལ་ནང་གི་མཚོ་སྒྲོལ་བར་ཐག་རིང་ཤོས་ཀྱི་གནམ་དཔྱང་གློག་སྐུད་ཚང་མ་ཁྲིད་ཟིན་པ་མཚོན་ཡོད། ལས་གྲྭ་དེ་གཉེར་སྐྱོང་བྱེད་འགོ་ཚུགས་རྗེས། མཚོ་ཐོག་རླུང་ཤུགས་གློག་གཏོང་གི་ནུས་པ་ཆེ་རུ་འགྲོ་བ་མ་ཟད། ད་དུང་ཧྥུའུ་ཀྲོའུ་ལྷོ་རྒྱུད་དང་ཕིང་ཐན་ས་ཁུལ་གྱི་གློག་དྲའི་གློག་གཏོང་གི་ནུས་པ་དང་བློས་འགེལ་ཆོག་པའི་རང་བཞིན་ཡང་ཆེ་རུ་འགྲོ་ངེས་ཡིན་པ་རེད།

    འདི་ནི་ཟླ་1ཚེས་26ཉིན་པར་བླངས་པའི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཆིང་གྲོང་ཁྱེར་གྱི་རྒྱལ་ཁབ་གློག་དྲ་ཧྥུའུ་ཅན་ཞིང་ཆེན་གློག་གཏོང་གློག་སྒྱུར་ལས་གྲྭ་ཚད་ཡོད་ཀུང་སིས་བཙུགས་པའི་རྒྱལ་ནང་གི་སྐྲུན་བཞིན་པའི་གློག་ཤུགས་ལས་གྲྭའི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་གི་དོས་ཟམ་ཡིན་ཞིང་། དོས་ཟམ་གྱི་རིང་ཚད་ལ་སྨི་ངོས་གྲུ་47000དང་ངར་ལྕགས་རྒྱུ་ཆ་སྤྱོད་ཚད་ཏུན་56000ལྷག་ཙམ་ཟིན་ནས་མཚོ་ཐོག་སྐྱེལ་འདྲེན་གྱི་དཀའ་གནད་ནུས་ལྡན་བསལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།