དབུ་ཤོག>པར་མཛོད།>པར་མཁན།
  • 2024ལོའི་རྒྱལ་ཡོངས་ལྕགས་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-29

    ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཚེས་26ཉིན་ནས་དངོས་སུ་འགོ་ཚུགས་ཤིང་། ཟླ་1ཚེས་26ཉིན་ནས་ཟླ་3ཚེས་5ཉིན་བར་དུས་ཡུན་ཉིན་40ཡིན་པ་དང་། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་4.8སྐྱེལ་འདྲེན་བྱ་རྒྱུ། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་1200ཟིན་རྒྱུ་བཅས་2023ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་37.9%འཕར་རྒྱུ་རེད། དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོ་སྟེ། ཟླ་1ཚེས་26ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1060སྐྱེལ་འདྲེན་བྱ་རྒྱུ་རེད། འདི་ནི་2024ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་དང་པོར་པེ་ཅིང་ནུབ་ཚུགས་སུ་པེ་ཅིང་ལྕགས་ལམ་ཅུས་ཀྱི་དང་བླངས་པས་འགྲུལ་པར་ལམ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།