དབུ་ཤོག>པར་མཛོད།>པར་མཁན།
  • ཧྲན་ཏུང་རུང་ཁྲེང་དུ་གྲུ་གཟིངས་བཟོ་བར་བྲེལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-01-25

    ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་གྱིས་གྲུ་གཟིངས་དང་མཚོ་ཐོག་བཟོ་ལས་སྒྲིག་ཆས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ལག་རྩལ་གསར་གཏོད་དང་རང་རྟེན་ཞིབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཁོར་འབྲེལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པས་གྲུ་བཟོའི་ལས་ཕྱོད་དང་ལག་རྩལ་འདུས་ཚད་དེ་སྔོན་ལས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད་པ་རེད། རྒྱལ་སྤྱིའི་མཚོ་ཐོག་སྐྱེལ་འདྲེན་ཁྲོམ་རར་བལྟས་ཚེ། ཧོང་ཧའེ་གྲུ་བཟོ་ཚད་ཡོད་ཀུང་སི་ཁོ་ནས་གོ་ལ་ཧྲིལ་པོའི་གྲུ་གཟིངས་70ལྷག་ཙམ་བཟོ་བའི་མངགས་ཐོ་རྩིས་བླངས་པ་མ་ཟད། 2026ལོའི་བར་རྩིས་སྤྲོད་བཀོད་སྒྲིག་བྱས་པས་དུས་ཚིགས་དང་པོ་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    འདི་ནི་ཟླ་1ཚེས་23ཉིན། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧོང་ཧའེ་གྲུ་བཟོའི(ཚད་ཡོད་ཀུང་སི)བཟོ་ཁང་ནང་གྲུ་གཟིངས་ཆེ་གྲས་རེ་རེ་བཞིན་བཟོས་ནས་གང་སར་ལས་བྲེལ་ཆེ་བའི་ཐོན་སྐྱེད་ཀྱི་རྣམ་པས་ཁེངས་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།