ཅང་ཤིས་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས“ཅང་ཤིས་ཀྱི་ཐོན་རྫས་ཕྱིར་གཏོང”བྱ་རྒྱུར་འདེགས་སྐྱོར་བྱས་པ།
ཉེ་བའི་ལོ་ཤས་རིང་། ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་ཧུར་ཐག་བྱས་ནས། ཟོག་འགྲེམས་དྲ་རྒྱའི་མ་ལག་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་གྱི་ཚོང་དོན་ཐབས་ལམ་རྒྱ་ཆེར་གཏོང་བ། ཅང་ཤིས་ལྷོ་རྒྱུད་ཀྱི་ཚ་ལུ་མ་དང་ནན་ཁང་གི་ཁྱིམ་ཆས་ཕྱིར་གཏོང་དང་ཕྱིར་ཚོང་བྱ་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ“ཅང་ཤིས་ཀྱི་ཐོན་རྫས་ཕྱིར་གཏོང”ཐུབ་པར་བྱས་ཡོད། 2023ལོར་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁས་དབོར་འདྲེན་བྱེད་ཚད་དོས་སྒམ་ཁྲི་27.3ཟིན་པ་དང་། ཀྲུང་གོ་དང་ཡོ་རོབ(ཨེ་ཤེ་ཡ)ཀྱི་དུས་གཏན་མེ་འཁོར་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ཤར་ལྷོ། དེ་བཞིན་ཡོ་རོབ་བཅས་ཀྱི་རྒྱལ་ཁབ་20ལྷག་ཙམ་གྱི་གྲོང་ཁྱེར་100ལྷག་ཙམ་ལ་ཁྱབ་པ། ལྕགས་ལམ་དང་མཚོ་ཐོག་སྣ་མང་མཉམ་འདྲེན་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོར་ཁྱབ་ཡོད།
འདི་ནི་ཅང་ཤིས་ཞིང་ཆེན་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཟོག་འདྲེན་ས་ཚུགས་སུ་ཕྱིར་གཏོང་ནང་འདྲེན་བྱ་རྒྱུའི་དངོས་ཟོག་ཆེ་གྲས་ཀྱི་དོས་སྒམ་གོ་རིམ་ལྡན་པའི་ངང་འདོན་འཇུག་བྱས་ནས་ཕྱི་ཕྱོགས་ཚོང་དོན་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་བཞིན་པ།