སི་ཁྲོན་དཀར་མཛེས་ཀྱི་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་དུ་བསྐྱོད་པ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་2022ལོའི“9·5”ཡི་ལྕགས་ཟམ་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་དབང་གིས་སྒོ་རྒྱག་དགོས་བྱུང་ཡང་ལོ་གཅིག་ལྷག་ཙམ་བསྐྱར་སྐྲུན་བྱས་པ་བརྒྱུད། 2023ལོའི་ཟླ་12ཚེས་12ཉིན་སླར་ཡང་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྒོ་ཕྱེ་ཡོད། མིག་སྔར། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་སྟེ། ལམ་ཐག་ཧྲིལ་པོར་སྟོང་སྨི་29.13ཟིན་པ་མ་ཟད། ད་དུང་ཕུག་ལམ་4དང་ཟམ་པ་2བསྐྲུན་པས་གེགས་འགོག་ནུས་པ་དང་ཞབས་འདེགས་ཆུ་ཚད་ས་ཡོམ་མ་བརྒྱབ་གོང་ལས་ལེགས་པ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་6000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་བའི་མི་གྲངས་རིམ་གྱིས་མང་དུ་འགྲོ་བཞིན་ཡོད་ཅིང་། འདི་ནི་དུང་དཀར་ལུང་པའི་མཛེས་ལྗོངས་ཁུལ་གྱི་ཟླ་བའི་མཚེའུ་ཡིན་པ།