རིག་གནས་གཤམ་སྤེལ་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན།
གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་ཡུལ་སྲོལ་བཟང་པོར་སྐུལ་འདེད་གཏོང་ཆེད། ཟླ་1ཚེས་16ཉིན་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ཟུར་མཚོ་ཤང་གི་རིག་གནས་ཞབས་ཞུ་ལྟེ་གནས་སུ“ང་ཚོའི་ཀྲུང་གོའི་ཕུགས་འདུན། ཁྱིམ་ཚང་ཁྲི་སྟོང་མང་པོར་རིག་གནས་དར་སྤེལ་བཏང”ཞེས་པའི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད། དེའི་དམིགས་ཡུལ་ནི་ཏང་གི་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་དང་། རིག་གནས་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པར་འདེགས་སྐྱོར། སྤྱི་པའི་རིག་གནས་བྱ་གཞག་དར་རྒྱས་བཅས་ཀྱི་ཆེད་དུ་ཡིན་པ་རེད། འདི་ནི་ཟུར་མཚོ་ཤང་གི་མང་ཚོགས་ཀྱིས་བོད་ཡིག་ཡིག་གཟུགས་འབྲི་བཞིན་པ།