དྲོད་ཁང་ནང་འབྲི་ཏ་ས་འཛིན་འཐུ་བར་བྲེལ།
འདི་ནི་ལྷ་སའི་གྲོང་མིས་དུས་ཆེན་རིང་དྲོད་ཁང་ནང་འབྲི་ཏ་ས་འཛིན་འཐུ་བཞིན་པ།
ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་ས་གནས་དེ་གའི་ཞིང་ལས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཞིང་ལས་ཐོན་ལས་དེང་རབས་ཅན་དང་ཁྱད་ལྡན་ཅན་ལ་སྐུལ་འདེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་དུ་བརྩི་བ་དང་། ཡུལ་བབ་དང་བསྟུན་ནས་སྐྱེ་ཁམས་སྤྲོ་གསེང་ལྟ་སྐོར་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ། “ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ཟུང་དུ་འབྲེལ་བའི”མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་བྱེད་སྟངས་བརྒྱུད། དེང་རབས་ཞིང་ལས་ཐོན་ལས་གླིང་དང་དེ་བཞིན་སྐྱེ་ཁམས་སྔོག་འཐུ་གླིང་སོགས་ཁག་གཅིག་བཏོད་དེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པར་འབབ་འཕར་ཡོང་བར་བྱས་ཡོད།